བཀྲས་མཐོང་བསྟན་འཛིན་ལ་བཀའ་ཁྲིའི་འོས་བསྡུར་རྒྱབ་སྐྱོར།

བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་བཀའ་བློན་ཁྲི་པ་གནང་རྒྱུར་རྒྱབ་སྐྱོར་ཡོང་བའི་ལས་འགུལ་ཞིག་སྤེལ་འདུག

2010.09.19

༄༅༎བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་བསྐྱར་དུ་བཀའ་བློན་ཁྲི་པ་གནང་རྒྱུད་འདུན་པ་ཡོད་པ་ཁག་ཅིག་གིས་ཁོང་ལ་རྒྱབ་སྐྱོར་ཡོང་བའི་ལས་འགུལ་ཞིག་སྤེལ་འདུག

བཞུགས་སྒར་རྡ་རམ་ས་ལ་དང་ཨ་རིའི་ཀེ་ལི་ཕོར་ནི་ཡའི་མངའ་སྡེ་ནས་དུས་གཅིག་ཏུ་རེས་གཟའ་པ་སངས་ཉིན་ལས་འགུལ་དེ་དབུ་འཛགས་ཀྱིས་བཀའ་བློན་ཁྲི་ཟུར་གྱི་མཚན་ཐོག་དྲ་གནས་ཞིག་བཟོས་གནང་འདུག

རྡ་རམ་ས་ལར་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་དོན་གཉེར་ཅན་སྒེར་པ་ཁག་ཅིག་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་ནས་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ཤེས་འཇོན་དང་། མཁྱེན་རྒྱ། ཉམས་མྱོང་སོགས་གང་ཐད་ནས་སྐབས་གསུམ་པའི་མི་མང་གིས་ཐད་ཀར་འདེམས་རྒྱུའི་བཀའ་བློན་ཁྲི་པར་འོས་ཤོས་ལ་ངོས་འཛིན་གྱིས་ཁོང་ལ་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་གནང་འདུག ལས་འགུལ་དབུ་འབྱེད་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་གིས་གནང་ཡོད་པ་དང་ཁོང་གིས་གཉན་འཕྲང་ཅན་གྱི་དུས་ཚོད་འདིར་༧གོང་ས་མཆོག་གི་བཀའ་དགོངས་སྒྲུབ་རྒྱུ་དང་བཙན་བྱོལ་གཞུང་གིས་ཐུགས་འགན་བཞེས་ཐུབ་མཁན་ཡག་ཤོས་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཡིན་པ་དང་ ཁོང་ནི་ཉམས་མྱོང་དང་མཁྱེན་ཡོན་སོགས་གང་ཅིའི་ཐད་འབྱུང་འགྱུར་བཀའ་བློན་ཁྲི་པ་ཁོང་ལས་འོས་པམེད་་ལུགས་གསུངས་གནང་འདུག

ལས་གཞི་འདི་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་བརྒྱུད་བསྐུལ་བྱས་པ་ཞིག་མིན་པར་ང་ཚོ་ཚོགས་པ་ཁག་དང་། སྒེར་པ་ཁག་ཅིག་གིས་མ་བསྐུལ་དྭང་བླངས་ཐོག་ལས་གཞི་འདི་བརྩམས་པ་ཞིག་ཡིན་པ་དང་ ཁོང་རྣམས་པ་གསུངས་པས་གཞིགས་ན་ བསྟན་འཛིན་རྣམ་རྒྱལ་མཆོག་གི་མཛད་རྗེས་ལ་བསམ་ཞིབ་གནང་བ་ཡིན་ན་ ཁོང་ནི་ཕུགས་བསམ་ལྡན་ཞིང་། གསར་གཏོད་དང་། བསྒྱུར་བཅོས་ཀྱི་ནུས་པ་ལྡན་པའི་སྣེ་ཁྲིད་མཁན་ཞིག་ཡིན་པར་ར་འཕྲོད་ཁ་གསལ་ཐུབ་ཡོད་ལ་ ཁོང་གིས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་ཁ་ཞས་གཉིས་མེད་ངང་ཞབས་འདེགས་ཞུ་རྒྱུའི་འདུན་པ་གསལ་པོ་བསྟན་ཡོད་པ་མ་ཟད། འདས་པའི་མི་ལོ་སུམ་ཅུ་ལྷག་རིང་བཙན་འབྱོལ་བོད་གཞུང་ནང་ཕྱག་ལས་ཐེག་པ་རིམ་འཛེགས་ཀྱིས་ལས་དྲུང་ནས་བཀའ་ཁྲིའི་བར་གནང་ཡོད་ཅིང་། དེ་རྗེས་གཞུང་འཛིན་མ་ཡིན་པའི་ཚོགས་སྡེ་ཁག་ནང་བོད་དོན་འཐབ་རྩོད་ཆེད་མུ་མཐུད་ཕྱག་ལས་གནང་བ་དེ་དག་གིས་དཔང་རྟགས་ཁ་གསལ་མཚོན་ཐུབ་ཀྱི་ཡོད་ལུགས་འགྲེལ་བརྗོད་གནང་འདུག ཞི་ཁྲ་www.kalontripa2011.orgལ་གཟིགས་རོགས་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎