༧གོང་ས་མཆོག་གིས་ཐེ་ཝན་གྱི་ས་ཡོམ་གོད་ཆག་ལ་ཐུགས་གསོའི་ཐུགས་སྨོན་གནང་འདུག


2018.02.08
ཐེ་ཝན་ནང་འགུལ་ཚད་རིམ་པ་དྲུག་ལྷག་གི་ས་ཡོམ་རྒྱབ་པའི་ཡུལ་དངོས། ༢༠༡༨།༢།༧ ཐེ་ཝན་ནང་འགུལ་ཚད་རིམ་པ་དྲུག་ལྷག་གི་ས་ཡོམ་རྒྱབ་པའི་ཡུལ་དངོས། ༢༠༡༨།༢།༧
AP

ཐེ་ཝན་ནང་འགུལ་ཚད་རིམ་པ་དྲུག་ལྷག་གི་ས་ཡོམ་རྒྱབ་པའི་གོད་ཆག་ཐད་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ཐུགས་གསོའི་ཐུགས་སྨོན་གནང་འདུག
དེ་ཡང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་སྲིད་འཛིན་གྱི་མཚན་ཐོག་ཕྱག་བྲིས་ཤིག་གནང་བའི་ནང༌། ད་ལམ་རྒྱལ་ཁབ་དེའི་ནང་ས་ཡོམ་གྱི་རྐྱེན་ངན་འོག་མི་རྒྱུ་གཉིས་ལ་གོད་ཆག་ཆེན་པོ་བྱུང་བར་ཐུགས་ཕམ་དང་འབྲེལ་གོད་ཆག་ཕོག་པའི་ནང་མི་རྣམས་ལ་ཐུགས་གསོའི་སྨོན་འདུན་གནང་འདུག
དེ་བཞིན་ཡང་བོད་མི་མང་སྤྱི་འཐུས་ཚོགས་གཙོས་ཐུགས་གསོའི་འཚམས་འཕྲིན་གནང་བའི་ནང་། ས་ཡོམ་གྱི་ཆག་འཇིགས་འདི་ལས་ཁྱེད་དང་ཁྱེད་ཀྱི་མི་མང་རྣམས་ན་ཟུག་དང་སྡུག་བསྔལ་གྱིས་མནར་བཞིན་པའི་གནས་སྐབས་འདིར་བཙན་བྱོལ་དུ་ཡོད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། མི་མང་གིས་ཁྱེད་དང་ཁྱེད་ཀྱི་མི་མང་དང་མཉམ་དུ་གདུང་སེམས་མཉམ་སྐྱེད་དང་བཅས་ཐུགས་སྨོན་གནང་གི་ཡོད་ཅེས་འཁོད་ཡོད་པ་རེད།
ད་རེས་ཐེ་ཝན་མཚོ་ཁའི་གྲོང་ཁྱེར་ཧྭ་ལེན་ཁུལ་དུ་བརྒྱབས་པའི་ས་ཡོམ་དེའི་ནང་ཉུང་མཐར་མི་༩འཆི་སྐྱོན་དང་། ༦༢་གར་སོང་ཆ་མེད་དུ་གྱུར་འདུག་པ་དང་། མི་གྲངས་༢༧༠་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད།
ཕྱི་ཚེས་ ༧ ཉིན་གྱི་ཞོགས་པར་ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་ཡེན་ཝིན་གནོད་འཚེ་ཕོག་སའི་ས་ཁུལ་དུ་ཕེབས་ཏེ། ཛ་དྲག་མྱུར་སྐྱོབ་པས་སེམས་ཤུགས་མ་ཆགས་པའི་ཐོག་ནས་མིའི་ཚེ་སྲོག་སྐྱོབ་པར་མུ་མཐུད་ཧུར་ཐག་བྱེད་དགོས་པ་དང་། སྲིད་གཞུང་གི་ངོས་ནས་ཕྱོགས་ཡོངས་ནས་གཟིགས་རྟོགས་དང་རོགས་རམ་གང་ལེགས་གནང་རྒྱུ་ཡིན་སྐོར་གསུངས་འདུག

གསར་འགོད་པ་ངག་ཆོས་དང་། བོད་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎