གསར་འགྱུར་ཡིག་ཚགས།
2020-09-30
ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱབ་སྐྱོར་གནང་ཕྱོགས་ཐད་ཉན་ཞིབ་གནང་སོང་།
2020-09-30
རྒྱ་ནག་པེ་ཅིང་དུ་ཡོད་པའི་ཨ་མི་རི་ཀའི་གཞུང་ཚབ་ཆེན་མོས་བོད་ནང་གཟིགས་སྐོར་དུ་ཕེབས་རྒྱུར་རྒྱ་ནག་གཞུང་ལ་རེ་སྐུལ་ཐེངས་གསུམ་ཞུ་དགོས་བྱུང་བ་དང་རྗེས་སུ་གཟིགས་སྐོར་སྐབས་མྱོང་ཚོར་སྣ་ཚོགས་བྱུང་བ་བརྗོད་འདུག
2020-09-30
རྒྱ་ནག་གཞུང་གིས་བོད་ནང་གཞི་རྒྱ་ཆེ་བའི་དོགས་ཟོན་མྱུལ་ཞིབ་དང་བརྒྱུད་ལམ་ཞིབ་བཤེར་མིའི་རྒྱུད་རྒྱུ་བསྡུ་ལེན་བྱས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་བཞིན་པའི་སྙན་ཐོ་བཏོན་འདུག
2020-09-29
རྒྱ་ནག་དམར་ཤོག་ཚོགས་པའི་སློབ་སྟོན་ལྷན་ཚོགས་ཀྱི་ཁོངས་སུ་ཡོད་པའི་རྒྱ་ནག་གིས་བསྐོ་བཞག་བྱས་བའི་པཎ་ཆེན་རྒྱལ་མཚན་ནོར་བུ་ལ་ཆབ་སྲིད་ཀྱི་ཤུགས་རྐྱེན་སྤྲོད་ཐུབ་པའི་ནུས་པ་མེད་པ་གནས་ཚུལ་སྤེལ་འདུག
2020-09-29
རྒྱ་ནག་གི་གསང་ཉུལ་བ་བོད་མི་རྡོ་རྗེ་རྒྱལ་མཚན་ཞེས་པ་དེ་སུ་ཝེ་ཌན་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་པའི་ངོས་འཛིན་གྱིས་རྒྱ་ནག་ལ་ཕྱིར་སློག་གཏོང་རྒྱུའི་ཐག་གཅོད་བྱས་འདུག
2020-09-29
བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་དང་ལྷན་ཁོང་གི་རྩོམ་ཡིག་དང་འབྲེལ་ནས་ཉན་ཞིབ་གནང་གཏན་འཁེལ་འདུག
2020-09-28
བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁུངས་ནས་ཕྱི་ལོ་༢༠༢༡་ལོའི་སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གྲངས་གཉིས་ལ་གཏན་འབེབས་བྱས་འདུག
2020-09-28
ཆོས་ལ་ཡིད་ཆེས་བྱེད་མིན་ལ་མ་བལྟོས་བར་བྱམས་སྙིང་རྗེ་ཉམས་ལེན་བྱེད་རྒྱུ་ནི་སེམས་ཞི་བདེ་གནས་ཐབས་ཀྱི་རྩ་བ་ཡིན་པ་༧གོང་ས་མཆོག་གིས་ཁ་ཆེ་དང་ནང་པ་བར་གྱི་བགྲོ་གླེང་ལྷན་ཚོགས་ཐོག་བཀའ་གནང་འདུག
2020-09-26
རྒྱ་ནག་གིས་བོད་ནང་བོད་མི་ས་ཡ་ཕྱེད་ཀ་ཙམ་ལ་བཙན་ཤེད་ཀྱི་ངལ་རྩོལ་སྦྱོང་བརྡར་སྤྲོད་བཞིན་པའི་སྐོར་མཉམ་སྦྲེལ་རྒྱལ་ཚོཌ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོཌ་ཀྱི་ཚོགས་དུས་༤༥པའི་ཐོག་གླེང་སློང་གནང་ཡོད་འདུག
2020-09-26
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་ནང་ནས་ཡིད་སྨོན་བསྔགས་བརྗོད་ཞུ་ཡུལ་མི་སྣ་མཐོ་གྲས་བཅུའི་ནང་མཚན་འདོན་ཞུས་འདུག
2020-09-25
ཁེ་ན་ཌའི་ཨོན་ཊེ་རི་ཡོ་མངའ་སྡེའི་གྲོས་ཚོགས་ནས་ལོ་ལྟར་ཕྱི་ཟླ་བདུན་པ་དེ་བཞིན་བོད་ཀྱི་རིག་གནས་གཅེས་ནོར་གྱི་ཟླ་བར་ངོས་འཛིན་ཞུ་རྒྱུའི་ཁྲིམས་འཆར་ལ་ཕྱི་ཟླ་༩་ཚེས་༢༤་ཉིན་སྤྱི་མོས་ཀྱི་རྒྱབ་སྐྱོར་ཐོབ་ཡོད་པ་ལྟར། མངའ་སྡེའི་སྲིད་སྐྱོང་མཆོག་ནས་མཚན་རྟགས་གནང་བའི་བརྒྱུད་ཁྲིམས་སུ་གཏན་འབེབས་གནང་འདུག
2020-09-25
བོད་པའི་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱི་མིང་ཐོག་ཡོད་པའི་ཁོང་གི་ངོ་དེབ་ཁ་བྱང་ཁག་གཉིས་བཀག་ཡོད་འདུག
2020-09-25
ནིའུ་ཡོག་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཡན་ལག་ཁང་དེ་བཞིན་རྒྱ་ནག་དམར་ཤོག་གཞུང་གིས་ཨ་རིའི་ཐོག་གསང་ཉུལ་བྱེད་པའི་ལྟེ་གནས་ཤིག་ལ་བེད་སྤྱོད་བྱེད་བཞིན་ཡོད་པ་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཡིས་གསུང་འདུག
2020-09-25
བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སྤྱི་འཐུས་རྒྱུན་ལས་༡༡་གི་གཞུང་འབྲེལ་འོས་བསྡུའི་འདེམས་བྱེད་ཀྱི་ཐོབ་དབང་བཀག་བསྐྱིལ་གནང་བའི་བཀའ་ཁྱབ་བཏང་བར་སྤྱི་འཐུས་རྒྱུན་ལས་ནས་ངོས་ལེན་གནང་མི་འདུག
2020-09-25
རྒྱ་གར་གཞུང་གིས་བཙན་བྱོལ་བོད་མིའི་གཞིས་ཆགས་སྲ་བརྟན་གྱི་ལས་གཞིར་མུ་མཐུད་དུ་རོགས་དངུལ་སྤྲོད་རྒྱུའི་དགོངས་བཞེས་གནང་བཞིན་ཡོད་འདུག