༸སྐུའི་འཁྲུངས་སྐར་ཉིན་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་མཛད་སྒོའི་ཉིན་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་ཡོད་པ་རེད།

2011.07.06

༄༅༎ཕྱི་ལོ་༢༠༡༡ལོའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་མཛད་སྒོའི་ཉིན་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་ཡོད་པ་དང་དེའི་ནང་༧གོང་ས་མཆོག་ནས་དགུང་གྲངས་བཅུ་དྲུག་ལས་མ་ཕེབས་ཀྱང་བོད་འབངས་ལྷ་སྡེ་མི་སྡེ་ཡོངས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པའི་རེ་དོན་བཞིན་བོད་ལྗོངས་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བདག་གིར་བཞེས་ཏེ་བོད་ཀྱི་སྔར་སོལ་ལམ་ལུགས་ལ་ལེགས་བཅོས་ཀྱི་བོད་མི་རྣམས་དེང་དུས་མང་གཙོའི་ལམ་བཟང་སུ་འཁྲིད་གནང་མཛད་རྒྱུ་དང་ འཕྲལ་སྒང་བོད་མི་རྣམས་མི་གསོད་ཁྲག་འབྱོར་ལས་སྐྱོབ་ཐབས་མཛད་ཡོད་ཅིང་ རྒྱ་གར་དུ་བཙན་བྱོལ་ལ་ཕེབས་པའི་རྗེས་བོད་ལྗོངས་རང་དབང་སླར་གསོའི་ཆེད་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་མང་གཙོ་ཅན་དུ་བསྒྱུར་གནང་མཛད་པ་དང་ བོད་ཕྲུག་བློ་གསར་ན་གཞོན་རྣམས་ལ་ཕྱི་ནང་གི་ཤེས་ཡོན་ཐོབ་ཆེད་གཏན་ཉིན་སློབ་གྲ་ཁག་མང་གསར་འཛུགས་དང་ བོད་མི་རིགས་ཀྱི་ངོ་བོ་རྒྱུན་ནས་གནས་སྲུང་འཛིན་སླད་རང་བཞིན་ཁ་འཐོར་དུ་གྱར་སྡོད་མ་ཡིན་པར་བཟོ་གཞིས་ཁག་དང་ ཆོས་བརྒྱུད་ཆེན་པོ་བཞི་དང་ གཡུང་དྲུང་བོན་བཅས་ཀྱི་རིས་སུ་མ་མཆིས་པའི་དགོན་སྡེ་ཆོས་སྒར་ཁག་མང་གསར་འཛུགས་སོགས་བོད་མིའི་སྒྲིག་འཛུགས་སྲ་བརྟན་ཕྲ་ཚུགས་ཀྱིས་འཛམ་གླིང་སྐྱབས་བཅོལ་བ་གཞན་དང་མི་འདྲ་བའི་ཡར་རྒྱས་འབུར་ཐོན་གྱིས་བོད་དོན་དེ་འཛམ་གླིང་ཐོག་གི་ཆབ་སྲིད་ཀྱི་གནད་དོན་གལ་ཆེར་གྱུར་ཏེ་སྣང་མེད་སྐྱུར་འཇོག་བྱེད་ཐབས་མེད་པ་ཞིག་ཆགས་ཡོད་ཅེས་འཁོད་གནང་འདུག་ལ་ ལྷག་པར་དུ་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ཕྱོགས་ཡོངས་ཀྱི་གནས་སྟངས་དངོས་ཡོད་དང་བསྟུན་གནང་མཛད་ཏེ་ བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཐོག་ནས་ཐབས་ཤེས་ཡོད་རྒུ་མཛད་པ་སོགས་མཛད་འཕྲིན་རྒྱ་ཆེ་བསྐྱངས་པར་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་དུས་ནམ་ཡང་བརྗེད་མེད་སྙིང་བཅངས་ངང་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་ཡིན་ཞེས་དང་  དམིགས་བསལ་བོད་མི་ཡོངས་ཀྱི་འཕྲལ་ཕུགས་བདེ་ཐབས་ཁོ་ནའི་སླད་དེང་དུས་ཀྱི་གནས་བབ་དངོས་དང་བསྟུན་པའི་དགོངས་བཞེས་བླ་མེད་མཛད་དེ་སྐབས་༡༤པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༡༡པའི་ཐོག་གསུང་འཕྲིན་རིན་པོ་ཆེ་སྤྱི་རྩལ་ལྟར་  བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་མགོན་པོ་གང་གི་ཆབས་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ལ་གསོལ་སྩལ་ལམ་ རྩིས་སྤྲོད་གནང་བ་འདི་བཞིན་གང་ཉིད་ཀྱི་མ་འོངས་སྔོན་གཟིགས་ཀྱི་ལམ་སྟོན་དང་མཛད་ཐབས་ཡིན་པར་བསམ་ཤེས་ཐུབ་པ་གནང་སྟེ་ བོད་མི་འགོ་མང་ཚང་མས་འགན་འཁུར་དང་ལེན་ཞུ་སྒོར་སྔར་བས་ལྡབ་བརྒྱའི་ནུས་ཤུགས་འདོན་དགོས་ཞེས་དེ་རིང་གོ་སྐབས་འདི་བརྒྱུད་ནས་གཞིས་བྱེས་བོད་མི་ཡོངས་ལ་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ་ཡིན་ཞེས་དང་  མཐའ་དོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་༧རྒྱལ་བའི་དབང་པོ་མཆོག་༧སྐུ་ཚེ་༧ཞབས་པད་བསྐལ་བརྒྱར་བརྟན་ཅིང་  ཐུགས་ཀྱི་བཞེས་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་ བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་༢༠༡༡ཟླ་༧་ཚེས་༦ལ་བཞེས་འཁོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎