ནོ་བེལ་གཟེངས་རྟགས་བཞེས་མཁན་༣ནས་བོད་དོན་རྒྱབ་སྐྱོར།

ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གསུམ་གྱིས་༸གོང་ས་མཆོག་དང་བོད་མི་ཚོར་གུས་བརྩི་དང་རྒྱབ་སྐྱོར་གྱི་སྤྱི་བསྒྲགས་སྤེལ་བ།

2009.10.28

༄༅༎བཞུགས་སྒར་དུ་པི་སི་ཇེམ་ཞེས་པའི་ཞི་བདེའི་ལྷན་འཛོམས་ནང་མཉམ་ཞུགས་གནང་བར་ཕེབས་མཁན་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གསུམ་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་ཚོར་གུས་བརྩི་དང་རྒྱབ་སྐྱོར་གྱི་སྤྱི་བསྒྲགས་ཤིག་སྤེལ་གནང་འདུག

ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་ཤིན་རིན་ཨི་སྦ་ཌི་དང་མའེ་རིདྲ་ཁོ་རི་གེན་མེ་གུ་ལྦ་ཡར། ཇོ་ཌི་ལྦི་ལི་ཡེམ་སི་བཅས་ཀྱིས་ཟུང་འབྲེལ་ཐོག་ནས་སྤེལ་གནང་བའི་སྤྱི་བསྒྲགས་དེའི་ནང་བོད་མི་རིགས་ཐོག་དྲག་གནོན་དང་བོད་མིའི་རིག་གཞུང་རྩ་མེད་འགྲོ་ཉེན་ཆེ་བའི་དུས་ཚོད་འདི་འདྲའི་སྐབས་སུ་འང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་དམངས་ཀྱིས་ཆོད་སེམས་བརྟན་པོའི་སྒོ་ནས་འཛམ་གླིང་འདིའི་ཐོག་གི་རྩ་ཆེའི་རིན་ཐང་ཆེ་བའི་ཁྱད་ནོར་རྩ་བརླགས་མི་འགྲོ་བའི་འབད་བརྩོན་ཆེན་པོ་གནང་བཞིན་པར་བསྔགས་བརྗོད་གནང་སྟེ་༸གོང་ས་མཆོག་གི་དབུ་ཁྲིད་དང་བོད་རྒྱ་ཆེའི་མི་དམངས་ཚོ་ས་སྟེང་འདིའི་ཐོག་ཚང་མས་མིག་དཔེ་ལྟ་འོས་པའི་དཔེ་མཚོན་བཟང་པོ་ཞིག་ལ་ངོས་འཛིན་གནང་བཞག

དེ་བཞིན་བོད་ཀྱི་རིག་གཞུང་རྩ་མེད་འགྲོ་བཞིན་ཡོད་པ་སྐྱོབ་ཐབས་དང་རང་ཡུལ་བསྐྱར་ལེན་ཆེད་བོད་མི་ཚོས་འཚེ་མེད་ཞི་བའི་ལམ་ནས་ངོ་རྒོལ་གནང་རྒྱུའི་འདེམས་ཀ་གནང་བ་དེ་ནི་ད་ཕན་རྒྱ་གར་ནས་ཅེཀ་སྤྱི་མཐུན་རྒྱལ་ཁབ་དང་དེ་ནས་རིམ་བཞིན་ལྷོ་ཨཕ་རི་ཀ་སོགས་ནང་ཞི་བདེའི་འགྱུར་བ་ཡོང་རྒྱུར་ཕན་རླབས་ཆེན་པོ་བྱུང་བའི་འཐབ་རྩོད་ཀྱི་ཐབས་ལམ་བཟང་ཤོས་ཤིག་ཡིན་སྐོར་ཁོང་རྣམ་པས་འགྲེལ་བརྗོད་གནང་འདུག

ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གོང་ཞུས་མི་སྣ་གསུམ་གྱིས་མངའ་ཁུལ་དང་འཛམ་གླིང་ཡུལ་ཁག་གི་གཞུང་ཚོས་རྒྱ་ནག་གཞུང་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་དམངས་ཀྱི་སྐུ་ཚབ་ལྷན་དུ་དོན་ཕན་ལྡན་པའི་གྲོས་མོལ་གནང་དགོས་རྒྱུའི་སྐུལ་ལྕག་གནང་གལ་ཆེ་བའི་འབོད་སྐུལ་གནང་ཡོད་པ་དང་མ་འོངས་བོད་དེ་བཞིན་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་རང་དབང་ལ་བརྩི་བཀུར་དང་རང་བཞིན་ཁོར་ཡུག་སྲུང་སྐྱོབ་བྱ་ཡུལ་གྱི་རྡུལ་ཕྲན་གོ་མཚོན་གྱི་དྲི་མ་ཕྲ་མོ་ཙམ་ཡང་མི་འགོས་པའི་ཞི་བདེའི་ལྟེ་གནས་ཤིག་ཏུ་འགྱུར་བའི་ཐུགས་རེ་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎