སྲིད་འཛིན་ཨོ་བྷ་མས་བོད་དོན་མི་བརྗེད་པའི་འབོད་སྐུལ།


2014.11.12
སྲིད་འཛིན་ཨོ་བྷ་མ་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་པེ་ཅིན་གྱི་གསར་འགོད་ལྷན་ཚོགས་སྐབས། ༢༠༡༤།༡༡།༡༢ སྲིད་འཛིན་ཨོ་བྷ་མ་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་པེ་ཅིན་གྱི་གསར་འགོད་ལྷན་ཚོགས་སྐབས། ༢༠༡༤།༡༡།༡༢
AFP

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྲིད་འཛིན་ཨོ་བྷ་མས་རྒྱ་ནག་གི་སྲིད་འཛིན་དང་མཇལ་སྐབས་བོད་དོན་གླེང་རྒྱུའི་འབོད་སྐུལ་བྱས་འདུག
དེ་ཡང་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཀྲོན་ཁུལ་དུ་རྟེན་གཞི་བྱེད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་Matteo Mecacci་གིས་ད་རེས་ཨ་མི་རི་ཁའི་སྲིད་འཛིན་ཨོ་བྷ་མཱ་མཆོག་དང་རྒྱག་གི་སྲིད་འཛིན་ཞི་ཅིན་ཕེན་རྣམ་གཉིས་ཀྱི་དབར་མཇལ་འཕྲད་གནང་རྒྱུ་ཡིན་པའི་གོ་སྐབས་དང་བསྟུན་བོད་ཀྱི་གནད་དོན་གླེང་སློང་ཡོང་བའི་བོད་དོན་སྐོར་གསལ་བསྒྲགས་ཤིག་གནང་ཡོད་པ་རེད། བོད་ནང་རྒྱ་ནག་གཞུང་གིས་བོད་མི་ཆབ་སྲིད་བཙོན་པ་མང་པོ་ཞིག་དྲང་བདེན་གྱི་ཁྲིམས་ཞིབ་སོགས་མེད་པར་གང་བྱུང་གིས་བཙོན་བཅུགས་བྱས་པ་དང་། སྡུག་སྦྱོང་མནར་གཅོད་ཀྱི་གནས་སྟངས། དེ་བཞིན་བོད་ནང་བོད་ཀྱི་རང་དབང་ཆེད་དུ་རང་ལུས་མེར་བསྲེགས་བཏང་བའི་གནས་སྟངས། བོིད་མིའི་ཆོས་དང་རིག་གཞུང་གི་རང་དབང་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་བ། དེ་བཞིན་བོད་མིའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་མཚན་དམས་ཞུ་བ་སོགས་ཀྱི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་རེད། དེར་བརྟེན་ཨ་མི་རི་ཁའི་གྲོས་ཚོགས་དང་མི་མང་གིས་བོད་ནང་གི་བོད་མིའི་གནས་སྟངས་ཐད་ཐུགས་འཚབ་མུ་མཐུད་ཡོད་བཞིན་པའི་སྐོར་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་དོན་དང་བོད་མིའི་བདེན་སྐྱབས་སུ་རོགས་སྐྱོར་གནང་རྒྱུའི་འདུན་པ་ཡོད་བཞིན་པའི་གནད་དོན་དེ་ཚོའི་ཐད། སྲིད་འཛིན་ཨོ་བྷ་མཱ་མཆོག་ལ་རེ་སྐུལ་ཞུ་རྒྱུར་ད་རེས་རྒྱ་ནག་གི་སྲིད་འཛིན་མཆོག་དང་མཇལ་འཕྲད་གནང་སྐབས་གཞུང་འབྲེལ་དང་ཆབ་སྲིད་ཀྱི་འབྲེལ་ལམ་ཐོག་ནས་བོད་མིའི་གཞི་རྩའི་དཀའ་ངལ་འཕྲད་བཞིན་པ་དེ་ཚོ་མི་དོར་བའི་དགོངས་བཞེས་གནང་སྐྱོང་ཡོང་བའི་སྐོར་གསལ་བསྒྲགས་ཤིག་སྤེལ་གནང་འདུག

གསར་འགོད་པ་ཕྲེང་རིང་བསྟན་འཛིན་ནོར་བུ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎