ཨ་རིས་བོད་ནང་གི་ཆོས་དད་རང་དབང་གི་གནས་སྟངས་སྐྱོ་བོ་ཡིན་པ་གསལ་འདོན།


2018.05.30
ལྷ་སའི་པོ་ཏཱ་ལའི་མདུན་ཐང་དང་རྒྱ་ནག་གི་ཉེན་རྟོག་པ། ལྷ་སའི་པོ་ཏཱ་ལའི་མདུན་ཐང་དང་རྒྱ་ནག་གི་ཉེན་རྟོག་པ།
པར་ཚགས།

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་ནང་ཆོས་དད་རང་དབང་གི་གནས་སྟངས་སྐྱོ་བོ་ཡིན་པ་གསལ་འདོན་བྱས་འདུག
དེ་ཡང་ཟླ་བ་འདིའི་ཚེས་༢༩ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་༢༠༡༧ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བའི་ནང་། བོད་ནང་ཆོས་དད་རང་དབང་གི་གནས་སྟངས་སྐྱོ་པོ་ཡོད་པ་གསལ་སྟོན་གྱིས་ཆོས་བྱེད་མི་སྣ་གང་བྱུང་འཛིན་བཟུང་དང་། རྡུང་རྡེག བོར་བརླག་དང་། མཐའ་ན་རང་ལུས་མེར་བསྲེགས་བྱེད་དགོས་པའི་གནས་སུ་གྱར་བ་ཐེར་འདོན་གནང་ཡོད་པ་རེད། ཨ་རིའི་ཕྱི་སྲིད་དྲུང་ཆེ་མཡིཀ་ པོནཔེ་ཡོ་མཆོག་གིས། ཊམཔ་སྲིད་གཞུང་གིས་གོ་ལའི་མི་ཡོད་དོ་ཅོག་ལ་ཆོས་དད་རང་དབང་དགོས་པ་དེ་གལ་ཆེར་གཟིགས་ཀྱི་ཡོད་ཅེས་གསུངས་ཞིང་། ཁོང་གིས། ཨ་རིའི་རྒྱལ་ཁབ་འདི་ཐོག་མར་འགོ་ཚུགས་སྟངས་དེ་ཡང་དབྱིན་ཇིའི་རྒྱལ་ཁབ་འོག་ནས་ཆོས་དད་ཀྱི་དཀའ་ངལ་ཞིག་འཕྲད་པའི་འོག་ནས་གསར་འཛུགས་བྱུང་བ་ལུང་འདྲེན་གནང་སྟེ། འཛམ་གླིང་ཀུན་ལ་རྒྱལ་སྤྱིའི་ཆོས་དད་གོང་འཕེལ་གཏོང་རྒྱུ་དེ་ཊམཔ་སྲིད་གཞུང་གིས་གལ་གནད་ཆེན་པོ་ཞིག་ལ་རྩིས་ཀྱི་ཡོད་པ་དང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ཆེས་མཐོའི་ཚོགས་ཆུང་ཞིག་ཀྱང་བསྐོ་འཛུགས་ཀྱིས་འཛམ་གླིང་ཡོངས་ལ་ཆོས་དད་རང་དབང་དར་སྤེལ་གྱི་ལས་དོན་ནུས་ཤུགས་ལྡན་པ་སྤེལ་རྒྱུ་ཡིན་པ་གསུངས་འདུག
ཕྱི་ཟླ་ ༥་ཚེས་ ༢༩ ཉིན་འདོན་སྤེལ་གནང་པའི་ཆོས་དད་རང་དབང་སྐོར་གྱི་སྙན་ཐོ་དེའི་ནང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས། བོད་རང་སྐྱོང་ལྗོངས་ཟེར་བ་དང་དེ་བཞིན་བོད་མི་གནས་ཡུལ་གྱི་ས་ཁུལ་ཡོངས་ལ་བོད་མི་ཚོའི་ཆོས་དད་རང་དབང་ལ་ཚོད་འཛིན་དམ་དྲག་དང་། ལྷག་པར་དུ་བླ་རུང་སྒར་དང་ཡ་ཆེན་སྒར་བཅས་སོགས་ཀྱི་གྲྭ་བཙུན་གྲངས་འབོར་ཚོད་འཛིན་བྱེད་བཞིན་པ་ཁག་གི་གནས་ཚུལ་ཞིབ་ཕྲ་བཀོད་ཐོག། བླ་སྤྲུལ་ངོས་འཛིན་ལ་གཞུང་གི་སྟངས་འཛིན་བྱས་པ་སོགས་བོད་མི་ནང་པ་ཚོས་སེམས་ཁམས་དང་མི་མཐུན་པའི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་པ་སོགས་བཀོད་འདུག་ལ། དེ་བཞིན་རྒྱ་གར་ནང་གི་བོད་བརྒྱུད་ནང་བསྟན་གྱི་ལྟེ་གནས་ཁག་གི་ནང་སློབ་གཉེར་ཟིན་པའི་དགེ་བཤེས་རྣམས་ལ་བོད་ནང་དུ་སློབ་ཁྲིད་བྱེད་མི་ཆོག་པ་སོགས་མདོར་ན་བོད་མིའི་ཆོས་དད་རང་དབང་ཐོག་དམ་དྲག་ཤུགས་ཆེ་བྱེད་བཞིན་པའི་རྐྱེན་གྱིས་བོད་མི་ཚོས་འུ་ཐུག་ངང་རང་ལུས་མེར་བསྲེགས་གནང་བ་སོགས་ཀྱི་གནས་ཚུལ་བྱུང་བ་བཀོད་འདུག

གསར་འགོད་པ་བཀྲ་ཤིས་དབང་ཕྱུག་དང་ལྕགས་མོ་འཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎