ཨ་མི་རི་ཀས་བོད་ནང་གི་གནས་སྟངས་ཐད་སྙན་ཐོ་བཏོན་པ།


2016.04.14
ལྷ་སར་དམ་དྲག་དང་གཙུག་ལག་ཁང་གི་མདུན་དམག་མི་བསྐྱོད་བཞིན་པ། ༼ཟླ་ཚེས་མི་གསལ ལྷ་སར་དམ་དྲག་དང་གཙུག་ལག་ཁང་གི་མདུན་དམག་མི་བསྐྱོད་བཞིན་པ། ༼ཟླ་ཚེས་མི་གསལ
པར་ཚགས།

རྒྱ་ནག་གཞུང་གིས་བོད་ནང་གི་གནས་སྟངས་ཐད་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་ཐུགས་འཚབ་ཡོད་པའི་སྙན་ཐོ་བཏོན་གནང་ཡོད་པ།
འདི་ག་ཨ་རིའི་རྒྱལ་སའི་མངའ་ཁུལ་དུ་རྟེན་གཞི་བྱེད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཁ་ས་ཚེས་༡༣་ཉིན་སྤྱི་བསྒྲགས་སྤེལ་བའི་ནང་གསལ་ལྟར་ན། ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ནས་ཕྱི་ལོ་༢༠༡༥་ལོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་སྙན་ཐོ་བཏོན་པའི་ནང་། རྒྱ་ནག་གཞུང་ནས་བོད་ནང་མུ་མཐུད་ནས་བོད་མི་སྤྱི་དང་། ལྷག་པར་དུ་རང་ལུས་མེར་བསྲེགས་བཏང་མཁན་གྱི་ནང་མི་ཉེ་འབྲེལ་ཚོ་གང་བྱུང་འཛིན་བཟུང་དོ་དམ་དང་། སྡུག་སྦྱོང་གཏོང་གི་ཡོད་པ་དང་། དེ་བཞིན་བོད་ནང་དམག་དཔུང་དང་ཉེན་རྟོག་པ་ཚད་ལས་བརྒལ་བ་འགྲེམས་འཇོག་བྱས་ནས་དམག་ས་ལྟབུ་བཟོས་ནས་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་ལུགས་བཀོད་ཡོད་འདུག    
དེ་དང་ཕྱོགས་མཚུངས་བོད་ནང་གི་དངོས་ཡོད་གནས་སྟངས་རྟོག་ཞིབ་སླད་ཕྱི་ཕྱོགས་ནས་གསར་འགོད་པ་གཏོང་གི་མེད་པ་དང་། གལ་སྲིད་ས་གནས་འགའ་ཤས་སུ་ཕྱིའི་གསར་འགོད་པ་འགྲོ་ཐུབ་པ་དེ་དག་ལ་བོད་ནང་གི་དངོས་ཡོད་གནས་སྟངས་བཤད་མཁན་ཚོ་ལའང་སྡང་ཟུག་དང་དོ་དམ་བྱེད་ཀྱི་ཡོད་ལུགས་གསུངས་འདུག
ཡང་ཆོས་ཕྱོགས་ཀྱི་བྱ་སྒོ་ཁག་དང་དམིགས་བསལ་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་དད་གུས་དང་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན་པ་ཙམ་གྱིས་དོགས་གཞིའི་འོག་སྡང་ཟུག་དང་། དོ་དམ་བྱས་པའི་གནས་ཚུལ་ཡང་སེ་ཡོང་གི་ཡོད་ལུགས་གསུངས་ནས་སྔ་ལོ་རྒྱ་ནག་གཞུང་གི་བཙོན་ཁང་ནང་སྨན་བཅོས་ཀྱི་མཐུན་རྐྱེན་མ་ཕུལ་བར་དགོངས་པ་རྫོགས་པའི་ཆབ་སྲིད་བཙོན་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་གནས་སྟངས་སྐོར་ལུང་འདྲེན་གནང་ཡོད་འདུག
ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་སྙན་ཐོ་དེའི་ནང་། དམིགས་བསལ་བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁུལ་དུ་རྒྱ་ནག་གཞུང་ནས་དམ་བསྒྲགས་ཆེ་བ་ཡོད་པའི་སྐོར་ཡང་བཀོད་ཡོད་པ་རེད།
དེ་རིང་ཕྱི་ཟླ་བཞི་པའི་ཚེས་༡༤་ཉིན་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚན་པའི་ཚོགས་ཆུང་ནས་རྒྱ་ནག་གིས་སྡུག་སྦྱོང་མནར་གཅོད་གཏོང་སྟངས་ཞེས་པའི་བརྗོད་གཞིའི་ཐོག་ནས་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ནས་རང་ཐོག་མྱོང་བ་དང་། བོད་ནང་གི་བཙོན་ཁང་ནང་གནས་སྟངས་སྐོར་གནས་ཚུལ་གསན་བཞེས་གནང་གི་ཡོད་པ་རེད།    

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎