ཡེ་ཤུའི་རོགས་ཚོགས་ནས་༸གོང་ས་མཆོག་མཇལ་འཕྲད་ཞུས་པ།

ཡེ་ཤུའི་རོགས་ཚོགས་ཤིག་གི་དྭངས་བླང་ཚོགས་མི་ཁག་ཅིག་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུས་ཡོད་འདུག

2011.10.27

༄༅༎སེནཏ་ཇོན་སི་ལྦེལ་སི་(St John Wales)ཞེས་པའི་ཡེ་ཤུའི་རོགས་ཚོགས་ཀྱི་དྭངས་བླང་ཚོགས་མི་ཁག་ཅིག་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུས་ཡོད་འདུག
དེ་ཡང་ཨིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱེད་པའི་ཡེ་ཤུའི་རོགས་ཚོགས་དེའི་ཚོགས་མི་གཞོན་སྐྱེས་ཁག་ཅིག་དེང་སྐབས་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ནང་། སློབ་ཕྲུག་དང་། སྨན་ཞབས་པ་སོགས་འབྲེལ་ཡོད་ཚོར་མྱུར་སྐྱོབ་སྨན་བཅོས་བྱེད་སྟངས་ཀྱི་ཟབ་སྦྱོང་སྤྲོད་བཞིན་ཡོད་འདུག དེ་བཞིན་ཁོང་ཚོས་རྡ་རམ་ས་ལའི་བོད་ཁྱིམ་སློབ་ཕྲུག་དང་། འབྲེལ་ཡོད་སྨན་ཞབས་ཚོར་ཟབ་སྦྱོང་སྤྲོད་འཆར་ཡོད་འདུག ད་རིང་དྭངས་བླང་ཞབས་ཞུ་བ་རྣམས་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གིས། ཁྱེད་རང་ཚོའི་ཚོགས་པའི་ཐོག་ནས་འཛམ་གླིང་ཁྱོན་ཡོངས་ལ་ཞབས་འདེགས་ཧུར་ཐག་ཞུ་ཡི་ཡོད་པ་ངས་ཤེས་རྟོག་ཡོད་ལ་ད་རེས་འདི་ཁུལ་ང་ཚོ་བོད་མི་ཚོར་ཡང་ཟབ་སྦྱོང་སྤྲོད་ཀྱི་ཡོད་པ་བཅས་ལ་བསྔགས་བརྗོད་ཡོད་ཅེས་བཀའ་གནང་ཡོད་འདུག མཇལ་ཁ་གྲུབ་པའི་རྗེས་སུ་ལོ་འདིའི་རོགས་ཚོགས་ཀྱི་བྱས་པ་ཅན་གྱི་གཟེངས་རྟགས་ཐོབ་མཁན་གཞོན་སྐྱེས་ཇེས་མིན་ པེ་ཕི་ཞེས་པས། ༧གོང་ས་ཏཱ་ལའི་བླ་མ་མཆོག་མཇལ་རྒྱུ་ནི་མི་ཚེའི་ནང་ཤིན་ཏུ་ནས་དཀོན་པོ་ཡིན་པ་དང་། ད་རེས་མཇལ་ཁ་ཐོབ་པ་དེ་ནི་ཧ་ཅང་སྐལ་བ་བཟང་པོ་ཡིན་བསམ་གྱི་འདུག ངས་སོ་སོའི་ཤེས་འབྱོན་གཉིས་ཀྱི་ནུས་པ་རྣམས་གཞན་ལ་ཕན་ཐོག་བྱེད་རྒྱུའི་ཆོད་སེམས་གཏན་པོ་ཡོད་ཅེས་འགྲེལ་བརྗོད་བྱེད་འདུག རོགས་ཚོགས་འདི་བཞིན་འཛམ་གླིང་ཁྱོན་ཡོངས་ལ་ཛ་དྲག་མྱུར་སྐྱོབ་ཀྱི་སྨན་བཅོས་བྱེད་སྟངས་ཐོག་རོགས་སྐྱོར་སྤྲོད་མཁན་གྱི་ཚོགས་པ་ཆེ་ཤོས་གྲས་ཤིག་ཡིན་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎