ཤྲི་ལང་ཀའི་སྲིད་འཛིན་ཟུར་པས་ཕྱོགས་འགལ་ལ་རྒྱབ་སྐྱོར་བྱས།

ཤྲི་ལང་ཀའི་ནང་སྲིད་འཛིན་ཟུར་པས་གློ་བུར་དུ་ཕྱོགས་འགལ་ཚོགས་ཚོགས་པའི་སྲིད་འཛིན་གྱི་འོས་དམིགས་ལ་རྒྱབ་སྐྱོར་གནང་འདུག

2010.01.24

༄༅།།ཤྲི་ལང་ཀའི་ནང་སྲིད་འཛིན་ཟུར་པ་ཅཱན་རྡིརི་ཀ་ཀུ་མ་ར་ཏུང་ག་(Chandrika Kumaratunga)ཡིས་གློ་བུར་དུ་ཕྱོགས་འགལ་ཚོགས་ཚོགས་པའི་སྲིད་འཛིན་གྱི་འོས་དམིགས་ལ་རྒྱབ་སྐྱོར་གནང་སྟེ་སྲིད་འཛིན་ལས་ཐོགས་པར་དཀའ་ངལ་ཆེན་པོ་བཟོས་ཡོད་པའི་གནས་ཚུལ་ཐོན་འདུག༎

རྒྱལ་ས་ཀོ་ལོམ་སྦོ་ནས་ཨེ་ཨེཕ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན་རེས་གཟའ་ཉི་མའི་ཉིན་གཞུང་འཛིན་ཚོགས་པའི་དབུ་ཁྲིད་དང་སྲིད་བློན་ཟུར་པ་ཅཱན་རྡི་རི་ཀ་ཀུ་མ་ར་ཏུང་ག་མཆོག་གིས་སྲིད་འཛིན་གྱི་འོས་བསྡུའི་སྔ་ནུབ་ཏུ་ཕྱོགས་འགལ་ཚོགས་པ་ཐོུང་གི་སྲིད་འཛིན་གྱི་འོས་དམིགས་དམག་སྤྱི་དམག་སྤྱི་ཟུར་པ་ས་རཐ་ཕོན་སེ་ཀ་(Sarath Fonseka)ལ་རྒྱབ་སྐྱོར་གནང་རྒྱུའི་གསལ་བསྒྲགས་གནང་སྟེ་སྲིད་འཛིན་མ་ཧིན་རྡ་ར་ཇ་པཀ་སེ་(Mahinda Rajapakse)མཆོག་ལ་ཉེན་ཁ་ཆགས་ཡོད་འདུག་ སྲིད་བློན་ཟུར་པས་ ངས་ལོ་བཞིའི་རིང་གཞུང་གི་ལས་དོན་གནང་ཕྱོགས་ཐད་ཁ་མ་བསྐྲགས་པར་བསྡད་པ་ཡིན་ འོན་ཀྱང་ད་ཆ་རྒྱལ་ཁབ་ནང་ཞི་བདེ་མེད་པའི་ཁར་དྲག་ལས་དང་ལྐོག་ཟ་རུལ་སུངས་སོགས་ཀྱི་དཀའ་རྙོག་བཟོད་ཐབས་མེད་པ་ཆགས་ཡོད་ལུགས་གསུངས་གནང་འདུག ཁོང་ནི་ཤི་རི་ལང་ཀ་རང་དབང་ཞེས་པའི་གནམ་འབྲེལ་གཞུང་འཛིན་གྱི་དབུ་ཁྲིད་གཙོ་བོ་དེ་ཡིན་པ་རེད་ རེས་གཟའ་སྤེན་པའི་ཉིན་སྲིད་བློན་ཟུར་པ་དང་དམག་སྤྱི་ཟུར་ཕོན་སེ་ཀ་གཉིས་མཉམ་དུ་འོས་བསྡུའི་ལས་འགུལ་མཇུག་བསྡོམས་གནང་སྟེ་རྒྱལ་ཁ་ཐོབ་རྒྱུའི་ཐུགས་རེ་ཆེན་པོ་གནང་འདུག ཁོང་གཉིས་ཀྱིས་སྔ་ལོ་ཏ་མིལ་གྱེན་ལོག་པ་མཚར་གཅོད་ཀྱི་ལས་འགུལ་གྱི་འགན་ཁུར་གཙོ་བོ་བཞེས་ཡོད་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎