༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆོས་འབྲེལ་གསུང་ཆོས་སྩོལ་གནང་གི་མཛད་འཆར་ལ་འགྱུར་བ་ཕྱིན་འདུག

2023.10.01
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆོས་འབྲེལ་གསུང་ཆོས་སྩོལ་གནང་གི་མཛད་འཆར་ལ་འགྱུར་བ་ཕྱིན་འདུག
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སང་ཉིན་སྤྱི་ཟླ་༡༠པའི་ཚེས་༢ནས་༤བར་ཉིན་གྲངས་གསུམ་རིང་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་སོགས་ཀྱི་ཇི་ལྟར་གསོལ་འདེབས་ཞུས་པའི་གསུང་ཆོས་སྩལ་གནང་མཛད་རྒྱུའི་ཐོག་མའི་མཛད་འཆར་ལ་བསྒྱུར་བ་ཕྱིན་པའི་དམིགས་བསལ་གསལ་བསྒྲགས་ཤིག་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་གནང་འདུག

གསལ་བསྒྲགས་དེའི་ནང།
ད་ལན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འགུལ་ཆམ་བཞེས་པའི་རྐྱེན་གྱིས་སྐུའི་བླ་སྨན་པ་རྣམས་ནས་༸གོང་ས་མཆོག་སྐུ་ངལ་གསོ་གལ་ཆེ་བའི་དགོངས་འཆར་དང་གསོལ་འདེབས་ནན་པོ་ཞུས་ཡོད་པ་དང་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཀྱང་སྐུའི་བླ་སྨན་པ་རྣམས་ཀྱི་རེ་འདུན་ལྟར་སྐུ་ངལ་གསོ་གལ་ཆེ་བའི་གསོལ་འདེབས་ནན་གྱིས་ཞུས་པར་བཀའ་བཞེས་བཟང་པོ་སྤྱི་ཕེབས་བྱུང་བ་ལྟར། ད་ལན་ཐེ་ཝན་གསུང་ཆོས་ཉིན་དང་པོ་དང་གཉིས་པ་གཉིས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས་གནང་གཏན་འཁེལ་ཡོད་པ་ཀུན་གྱིས་ཐུགས་འཇགས་ཡོང་བའི་གསལ་བསྒྲགས་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎