རྒྱ་ནག་ཏུ་ཆུ་ལོག་གི་གནོད་འཚེའི་འོག་མི་༡༥རྐྱེན་ལམ་དུ་ཕྱིན་པ།
2009.07.05
༄༅༎རྒྱ་ནག་གི་ལྷོ་ཕྱོགས་ས་ཁུལ་ཁག་ནང་ཆར་ཤོད་དྲག་པོ་བརྒྱབ་པའི་རྐྱེན་གྱིས་ཆུ་ལོག་གི་གནོད་འཚེའི་འོག་ཁྱོན་མི་གྲངས་བཅོ་ལྔ་རྐྱེན་ལམ་དུ་ཕྱིན་པ་དང་མི་ལྔ་རྙེད་སོན་བྱུང་མེད་པ་མ་ཟད་ས་གནས་ཡུལ་མི་འབུམ་བཞི་ལྷག་རང་ཁྱིམ་བཞག་སྟེ་ཉེན་གཡོལ་དུ་འགྲོ་དགོས་བྱུང་བའི་སྐོར་དེ་རིང་རྒྱ་ནག་གཞུང་འབྲེལ་ཤིང་ཧཱ་གསར་ཤོག་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།
དེ་ཡང་རྒྱ་ནག་གི་དབུས་ལྷོ་ཕྱོགས་ཧུ་ནན་ཞིང་ཆེན་གྱི་ཆུ་ལོག་གནོད་འཚེ་རོགས་སྐྱོར་ལས་ཁུངས་ཀྱིས་བཤད་ན་ཧུ་ནན་ཞིང་ཆེན་ཁོ་ནའི་ནང་ཆུ་ལོག་གི་གནོད་འཚེའི་ནང་ཁྱོན་ས་གནས་ཡུལ་མི་བརྒྱད་རྐྱེན་ལམ་ཕྱིན་པ་དང་མི་དམངས་འབུམ་གཅིག་དང་ཁྲི་བཞི་ཉེན་གཡོལ་དུ་འགྲོ་དགོས་བྱུང་བ་དང་དེ་བཞིན་ལྷོ་ཤར་ཕུའུ་ཅང་ཞིང་ཆེན་ནང་དུ་མི་ལྔ་རྐྱེན་ལམ་དུ་ཕྱིན་པ་དང་ད་དུང་མི་གཉིས་རྙེད་སོན་བྱུང་མེད་པ།ཤར་ཕྱོགས་ཅང་ཞི་ཞིང་ཆེན་ནང་དུ་མི་གཉིས་རྐྱེན་ལམ་དུ་ཕྱིན་པ་དང་མི་གསུམ་རྙེད་སོན་བྱུང་མེད་པ།མི་དམངས་འབུམ་གཅིག་ཙམ་ཉེན་གཡོལ་དུ་འགྲོ་དགོས་བྱུང་བ་ད་དུང་ལྷོ་ཕྱོགས་ཀོང་ཞི་ཀྲོང་རང་སྐྱོང་ས་ཁུལ་ནང་མི་དམངས་འབུམ་གཅིག་དང་ཁྲི་བཞི་ལྷག་ཉེན་གཡོལ་དུ་འགྲོ་དགོས་བྱུང་སྟེ་ད་རེས་ཆར་ཤོད་དྲག་པོ་བརྒྱབ་པའི་རྐྱེན་གྱིས་གཙང་ཆུ་རྒྱས་ཏེ་ཞིང་ཆེན་ཁག་བཞིའི་ནང་ཆུ་ལོག་གི་གནོད་འཚེ་ཚབས་ཆེ་དེའི་ནང་དེ་རིང་བར་དུ་ཡུལ་མི་བཅོ་ལྔ་རྐྱེན་ལམ་དུ་ཕྱིན་པ་དང་སྡོད་ཁྱིམ་རྩ་མེད་དུ་ཕྱིན་པ།ལོ་ཏོག་རྣམས་རྩ་གཏོར་ཕྱིན་པ།གློག་དང་འཐུང་ཆུ་མེད་པ།འགྲོ་ལམ་གནོད་སྐྱོན་བཟོས་པ་མ་ཟད་ཡུལ་མི་འབུམ་བཞི་ལྷག་ས་གནས་གཞན་དུ་ཉེན་གཡོལ་འགྲོ་དགོས་བྱུང་ཡོད་པ་རེད༎