ལྷོ་ཨཕ་རི་ཀའི་ཁྲིམས་ཁང་ནས་ཐག་གཅོད་གསལ་བསྒྲགས།

ལྷོ་ཨཕ་རི་ཀའི་ཕྱོགས་འགལ་ཆབ་སྲིད་ཚོགས་པ་གཉིས་ཀྱིས་ཁྲིམས་གཏུགས་བྱས་པའི་ཐོག་ཁྲིམས་ཁང་ཞིག་གིས་གསལ་བསྒྲགས་གནང་འདུག

2012.02.04

༄༅༎སྔ་ལོ་ལྷོ་ཨཕ་རི་ཀ་གཞུང་གིས་༧གོང་མཆོག་ལ་ཡུལ་དེར་ཆིབས་བསྒྱུར་གནང་རྒྱུའི་ཐོངས་མཆན་ཕྱག་འཁྱེར་མ་ཕུལ་བ་དེའི་ཐད། ཡུལ་དེའི་ཕྱོགས་འགལ་ཆབ་སྲིད་ཚོགས་པ་གཉིས་ཀྱིས་ཁྲིམས་གཏུགས་བྱས་པ་དེ་ནི། རྒྱུ་མཚན་ལྡན་པ་ཞིག་ཆགས་ཀྱི་མི་འདུག་ཅེས་ཡུལ་དེའི་ཁྲིམས་ཁང་ཞིག་གིས་གསལ་བསྒྲགས་གནང་འདུག 
དེ་ཡང་ལྷོ་ཨཕ་རི་ཀའི་གྲོང་ཁྱེར་ཁེཔ་ཀྲའོན་ནང་རྟེན་གཞི་བྱས་པའི་མཐོ་རིམ་ཁྲིམས་ཁང་དེ་ཡིས་ཐག་གཅོད་གསལ་བསྒྲགས་གནང་བའི་ནང༌། ཏྭ་ལའི་བླ་མ་རྒྱལ་ཁབ་འདིའི་ནང་ཕེབས་མ་ཐུབ་པ་དེ་ནི། ཁོང་རང་ཉིད་ཀྱིས་ཐོངས་མཆན་ལག་འཁྱེར་ཞུ་བའི་སྙན་ཞུ་ཕྱིར་འཐེན་བྱས་པ་ལས་བྱུང་བ་ཞིག་ཡིན་པར་བརྟེན། གཞུང་གིས་ཁོང་ལ་ཐོངས་མཆན་མ་ཕུལ་བ་རེད་ཅེས་པའི་གྱོད་འཛུགས་དེ་རྒྱུ་མཚན་ལྡན་པ་ཆགས་ཀྱི་མེད་སྐོར་གསུངས་འདུག་ཀྱང༌། ལྷོ་ཨཕ་རི་ཀའི་ཕྱོགས་འགལ་ཨིན་ཀ་ཐ་རང་དབང་ཆབ་སྲིད་ཚོགས་པས་ཁྲིམས་ཁང་གི་ཐག་གཅོད་དེའི་ཐོག་ལན་འདེབས་ཀྱི་བསྒྲགས་གཏམ་ཤིག་སྤེལ་བའི་ནང༌། ཨཕ་རི་ཀ་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་རྫོགས་ཧ་ལས་ཧང་སང་དགོས་པའི་མ་དྲང་བའི་བྱ་སྤྱོད་ཞིག་སྤེལ་ཡོད་པ་དེ། ད་ལམ་ཡུལ་འདིའི་མཐོ་རིམ་ཁྲིམས་ཁང་ཞིག་གིས་ཡོ་བསྲང་བྱེད་མ་ཐུབ་པ་དེའི་ཐོག དམངས་གཙོ་དང༌། རང་དབང༌། ཡ་རབས་བཟང་སྤྱོད་ཀྱི་བལྟ་ཚུལ་འཛིན་མཁན་འཛམ་གླིང་མི་མང་གིས་མཐོང་ཚུལ་ག་འདྲ་ཞིག་ཡོང་གི་རེད་དམ། མི་ཚང་མས་དྲང་པོ་མ་བྱུང་བར་ངོས་འཛིན་བྱེད་པའི་ནོར་འཁྲུལ་དེ། ད་ལམ་ཁྲིམས་ཁང་གིས་ཡོ་བསྲང་བྱེད་མ་ཐུབ་པ་དེ་ཡིས། ང་ཚོའི་གཞུང་འཛིན་ལམ་ལུགས་ལ་སྐྱོན་ཆ་ཆེན་པོ་ཡོད་པ་གསལ་སྟོན་བྱས་པ་རེད་ཅེས་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎