༧གོང་ས་མཆོག་ལ་ཐོངས་མཆན་མ་འབུལ་བར་སྐྱོན་བརྗོད།

ལྷོ་ཨ་ཕེ་རི་ཀའི་སྲིད་འཛིན་གཞོན་པས་༧གོང་ས་མཆོག་ལ་ཡུལ་དེར་ཆིབས་བསྒྱུར་བསྐྱངས་རྒྱུར་ཐོངས་མཆན་འབུལ་ལམ་ཞུ་སྲིད་སྐོར་གསུངས།

2011.10.05

༄༅༎ལྷོ་ཨ་ཕེ་རི་ཀའི་སྲིད་འཛིན་གཞོན་པས་གལ་ཏེ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལྷོ་ཨ་ཕེ་རི་ཀའི་ནང་ཆིབས་བསྒྱུར་བསྐྱངས་རྒྱུ་ཕྱིར་འཐེན་གནང་མེད་ཚེ་ཡུལ་དེས་༧གོང་ས་མཆོག་ལ་ཐོངས་མཆན་འབུལ་ལམ་ཞུ་སྲིད་པ་ཡིན་སྐོར་གསུངས་འདུག ལྷོ་ཨ་ཕེ་རི་ཀའི་སྲིད་འཛིན་གཞོན་པ་མོཏ་ལེན་ཐི་ཡིས་༧གོང་ས་མཆོག་དེ་སྔ་ལྷོ་ཨ་ཕེ་རི་ཀའི་ནང་ཆིབས་བསྒྱུར་བསྐྱངས་ཡོད་སྟབས་ དེ་ནི་གནད་དོན་ཞིག་ཡིན་དགོས་པའི་རྒྱུ་མཚན་གཟིཌ་ཀྱི་མེད་ལུགས་རྡ་སི་ཀྲའར་ཞེས་པའི་གསར་ཤོག་ལ་གསུངས་འདུག ལྷོ་ཨ་ཕེ་རི་ཀའི་གཞུང་གིས་༧གོང་ས་མཆོག་ཡུལ་དེའི་ནང་ཆིབས་བསྒྱུར་བསྐྱངས་ཕྱིར་ཐོངས་མཆན་འབུལ་ལམ་ནར་འགྱངས་བཏང་བར་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཡེ་ཤུའི་ཆོས་དཔོན་གྲཌ་ཅན་ཌེ་སི་མེན་ཀྲུ་ཀྲུ་མཆོག་གིས་ད་ལྟའི་ལྷོ་ཨ་ཕེ་རི་ཀའི་གཞུང་གི་དཔོན་རིགས་ཚོ་དེ་སྔའི་ཡུལ་དེའི་མི་རིགས་དབྱེ་འབྱེད་ཀྱི་གཞུང་འཛིན་ལས་ཀྱང་སྡུག་པ་ཡིན་ལུཌ་འགྲེལ་བརྗོད་གནང་པ་མ་ཟད་ འགའ་ཤས་ཀྱིས་ལྷོ་ཨ་ཕེ་རི་ཀས་༧གོང་ས་མཆོག་ལ་ཐོངས་མཆན་འབུལ་ལམ་ཞུ་མི་དགོས་པའི་རྒྱུ་མཚན་ནི་རྒྱ་ནག་གཞུང་གིས་ཡུལ་དེའི་ཐོག་གནོན་ཤུཌ་སྤྲད་པའི་དབང་གིས་ཡིན་ལུཌ་བརྗོད་ཡོད་པ་རེད་ འོན་ཀྱང་ཡུལ་དེའི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་ཀ་ལེ་སེན་ཡིས་དེར་ངོས་ལེན་མ་གནང་བར་ ལྷོ་ཨ་ཕེ་རི་ཀ་ནི་རང་བཙན་ཅན་གྱི་རྒྱལ་ཁབ་ཅིག་ཡིན་སྟབས་ ང་ཚོའི་ཐག་གཅོད་ཚང་མ་རྒྱལ་ནང་གི་ཁེ་ཕན་ལ་གཞི་བཅོལ་གྱི་ཡོད་ལུཌ་Talk Radio 702 ཞེས་པའི་རླུང་འཕྲིན་ལས་ཁང་ལ་གསུངས་འདུག་ ཡེ་ཤུའི་ཆོས་དཔོན་ཌེ་སི་མེན་ཀྲུ་ཀྲུ་མཆོག་དགུང་གྲངས་༨༠ཕེབས་པའི་སྐུའི་འཁྲུངས་སྐར་གྱི་མཛད་སྒོའི་ཐོག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གདན་ཞུའི་གསོལ་འདེབས་ཞུས་པ་བཞིན་༧གོང་ས་མཆོག་ནས་ཞལ་བཞེས་བཟང་པོ་སྩལ་བ་བཞིན་སྔོན་གྱི་མཛད་འཆར་ལྟར་ན་རེས་གཟའ་ཕུར་བུའི་ཉིན་ཡུལ་དེའི་ཕྱོཌ་སུ་ཆིབས་ཁ་བསྒྱུར་འཆར་ཡོད་ན་ཡང་ ཐོངས་མཆན་འབུལ་ལམ་མ་ཞུས་པའི་རྐྱེན་གྱིས་རེས་གཟའ་ཟླ་བའི་ཉིན་ཆིབས་བསྒྱུར་ཕྱིར་བསྡུ་གནང་ཡོད་པ་རེད་ ཌེ་སི་མེན་ཀྲུ་ཀྲུ་མཆོག་གིས་རྒྱལ་ཡོངས་བརྙན་འཕྲིན་བརྒྱུད་ནས་ལྷོ་ཨ་ཕེ་རི་ཀའི་སྲིད་འཛིན་ཇེ་ཁོབ་ཛུ་མའི་གཞུང་འཛིན་ལ་སྐྱོན་བརྗོད་དྲག་པོ་གནང་བ་མ་ཟད་ ཨ་ཕེ་རི་ཀའི་རྒྱལ་ཡོངས་ཚོཌ་པ་ཞེས་པའི་གཞུང་འཛིན་ཚོཌ་པ་ཕམ་ཉེས་ཡོང་བའི་སྨོན་ལམ་འདེབས་རྒྱུ་ཡིན་པའི་སྔོན་བརྡ་བཏང་གནང་འདུག་ ཡུལ་དེའི་གསར་ཤོག་ཁེཔ་ཀྲའེམ་སི་ཞེས་པས་ད་རེས་ཇེ་ཁོབ་ཛུ་མའི་གཞུང་འཛིན་གྱིས་༧གོང་ས་མཆོག་ལ་ཐོངས་མཆན་འབུལ་ལམ་མ་ཞུས་པ་དེས་ལྷོ་ཨ་ཕེ་རི་ཀའི་ཆེ་ཐོངས་ལ་གནོད་སྐྱོན་ཚབས་ཆེ་བཏང་ལུཌ་སོཌ་བརྗོད་འདུག ༧གོང་ས་མཆོག་གིས་ད་རིང་གཟའ་ལྷག་པའི་ཉིན་བཀའ་སློབ་སྩལ་འཆར་ཡོད་པ་གྲོང་ཁྱེར་ཇོ་ཧན་སི་སྦག་ནང་གི་ལྦིཏ་ལྦ་ཀྲར་སི་རེནདྲ་གཙུག་ལག་སློབ་གྲ་ཆེན་མོས་ཡུལ་དེའི་གཞུང་གིས་༧གོང་ས་མཆོག་ལ་ཐོངས་མཆན་འབུལ་ལམ་མ་ཞུས་པ་དེར་གོམ་བགྲོས་གནང་སྟེ་ངོ་རྒོལ་རྔམ་སྟོན་བྱས་ཡོད་པའི་གནས་ཚུལ་འདུག༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎