རྒྱ་གཞུང་གིས་སོག་པོའི་རང་བཙན་འཐབ་རྩོད་པ་འཛིན་བཟུང༌།
2010.12.05
༄༅༎སོག་པོའི་རང་བཙན་འཐབ་རྩོད་ལས་འགུལ་ཚོགས་པ་གསར་འཛུགས་གནང་མཁན་ཞིག་རྒྱ་ནག་གཞུང་གིས་མི་ལོ་༡༥བཙོན་འཇུག་བྱས་ཏེ་རིང་མིན་བཙོན་འཇུག་གི་ཉེས་ཆད་ཚང་སྟེ་གློད་འགྲོལ་ཐོབ་འགྲོ་ཡོད་པའི་སྐབས་དེར་རྒྱ་མིའི་ཉེན་རྟོག་པས་ཁོང་གི་བཟའ་ཟླ་འཛིན་བཟུང་བྱས་པའི་སྐོར་དེ་རིང་ཨེ་པི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
གསར་ཤོག་དེའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན། རྒྱ་ནག་ནང་གི་སོག་པོ་གྲངས་ཉུང་མི་རིགས་ཚོས་སྤེལ་བའི་ངོ་རྒོལ་གྱི་ཟིང་ཆའི་དོན་རྐྱེན་ནི། བོད་དང་ཤིང་ཅང་ནང་བཞིན་ཁྱབ་བསྒྲགས་ཆེན་པོ་འགྲོ་གི་མེད་ཅིང། འོན་ཀྱང་སོག་པོའི་རང་བཙན་འཐབ་རྩོད་པ་ཧ་དྲ་ཞུ་བ་ནི། གཟའ་འཁོར་རྗེས་མའི་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་བཙོན་ཁང་ནས་གློད་བགྲོལ་གཏོང་རྒྱུའི་དུས་བཀག་ཉིན་མོ་ཡིན་ཡང་རྒྱ་མིའི་ཉེན་རྟོག་པས་ཁོང་གི་ཁྱིམ་ཚང་གིས་གཉེར་བཞིན་པའི་དཔེ་དེབ་ཚོང་ཁང་གློ་བུར་དུ་སྔོག་བཤེར་བྱས་པ་མ་ཟད། བཟའ་ཟླ་འཛིན་བཟུང་བྱས་ཡོད་པ་རེད། ཧ་དྲ་ཞུ་བ་ནི། ལྷོ་ཕྱོགས་སོག་པོའི་དམངས་གཙོ་མནའ་མཐུན་ཚོགས་པ་གསར་འཛུགས་བྱེད་མཁན་གྲས་ཡིན་པ་དང། ཚོགས་པ་དེའི་དམིགས་ཡུལ་ནི་ནང་སོག་ས་ཁུལ་དེ་བཞིན་རང་བཙན་གྱི་རྒྱལ་ཁབ་ཞིག་གསར་འཛུགས་བྱ་རྒྱུར་འཐབ་རྩོད་བྱེད་མཁན་ཞིག་ཡིན་གཤིས། ནང་སོག་གི་རྒྱལ་ས་ཧོ་ཧོཏ་ནང་དུ་ཡོད་པའི་ཁོང་གི་དཔེ་དེབ་ཚོང་ཁང་དེ་ནི་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་ཡུལ་ལྟི་གནས་ཤིག་ཏུ་གྱུར་ཏེ། ཕྱི་ལོ་༡༩༩༥ལོའི་ཕྱི་ཟླ་༡༢པའི་ཚེས་༣༠ཉིན་སོག་པོའི་མི་རིགས་༢༠༠ལྷག་ཁོང་གི་ཚོང་ཁང་གི་མདུན་དུ་འདུ་འཛོམས་ཀྱིས་རང་དབང་འཐབ་རྩོད་ཀྱི་ལས་འགུལ་སྤེལ་ཡོད་པ་དང༌། ལས་འགུལ་དེ་སྤེལ་བའི་ཕྱི་ལོ་དེར་རྒྱ་ནག་གཞུང་གིས་ཧ་དྲ་ལ་རྒྱལ་ཁབ་ཁ་བྲལ་དང་སོ་མྱུལ་གྱི་ཆབ་སྲིད་ཀྱི་ནག་ཉེས་བཙུགས་ཏེ་བཙོན་འཇུག་བྱས་ཡོད་པ་རེད།