༸གོང་ས་མཆོག་གིས་པོའོ་ལེན་ཀྲིའི་ཡུལ་དུ་མཛད་འཕྲིན།

༸གོང་ས་མཆོག་གིས་གསར་འགོད་ལྷན་ཚོགས་ཐོག་ཆིབས་བསྒྱུར་དང་ཆོས་ལུགས་མི་འདྲ་བའི་དབུ་ཁྲིད་དང་མཇལ་འཕྲད་སོགས་ཀྱི་མཛད་འཆར།

2010.09.24

༄༅༎སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་པོའོ་ལེན་ཀྲི་ཡུལ་གྱི་ཉིན་གཉིས་པའི་མཛད་འཆར་པོའོ་ལེན་ཀྲིའི་གྲོང་ཁྱེར་ལྦོརོ་ཁོལོ་དུ་ཆིབས་བསྒྱུར་གྱིས་ཐོག་མར་གསར་འགོད་ལྷན་ཚོགས་ཐོག་ཆིབས་བསྒྱུར་དང་ཆོས་ལུགས་མི་འདྲ་བའི་དབུ་ཁྲིད་དང་མཇལ་འཕྲད་སོགས་ཀྱི་མཛད་འཆར་བསྐྱང་གནང་ཡོད་པ་རེད།

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་སྤྱིའི་འགྲོ་བ་མིའི་རིན་ཐང་གོང་འཕེལ་གཏོང་གནང་རྒྱུ་དང༌། ཞི་འགྲིག་གི་གྲོས་མོལ་གནང་རྒྱུ། ཆོས་ལུགས་མི་འདྲ་བ་ཁག་ལ་གུས་བཀུར་ཞུ་རྒྱུ་དང་དེ་དག་བར་གོ་རྟོག་སྤེལ་རྒྱུའི་གནད་དོན་གསུམ་ཐོག་ལ་འབད་བརྩོན་གནང་རྒྱུ་ཡིན་ཞེས་བཀའ་གནང་བ་བཞིན་གསར་འགོད་པའི་ཁྲོད་ནས། སྒེར་དང་རྒྱལ་སྤྱིའི་འཕེལ་རིམ་དེའི་ཐོག་ནས་ཆིག་སྒྲིལ་གྱི་རང་བཞིན་དེར་གཟིགས་ཚུལ་དང༌། ཚད་འཛིན་མི་འདྲ་བ་ག་རེ་ཡོད་མེད་སྐོར་གྱི་དྲི་བའི་ཐོག་ལ་དམིགས་བསལ་གྱི་དོ་སྣང་ཆེན་པོ་བྱས་ཡོད་པ་རེད༌། གསར་འགོད་པའི་ལྷན་ཚོགས་མཇུག་སྒྲིལ་བའི་རྗེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གྲོང་ཁྱེར་དེའི་ནང་གི་འབྲིང་རིམ་སློབ་གྲའི་སློབ་མ་རྣམས་ལ་མཇལ་ཁ་སྩལ་བ་མ་ཟད། ཤེས་ཡོན་སྦྱང་བརྩོན་བྱེད་པ་ཁོ་ན་མ་ཡིན་པར་དེའི་མཉམ་དུ་སེམས་རྒྱུད་དུ་བྱམས་དང་སྙིང་རྗེ་སྐྱེས་ཐབས་དང༌། ལྷག་པར་དུ་ཤེས་ལྡན་པ་དང་ཤེས་ཡོན་ཅན་གྱི་རྣམ་དཔྱོད་དེ་འཛམ་གླིང་ཞི་བདེ་དང་ཆིག་སྒྲིལ། འཐབ་རྩོད་གྲོས་མོལ་གྱི་ལམ་ནས་འགྲིག་འཇག་ཡོང་བའི་དུས་རབས་གསར་པ་ཞིག་ཏུ་སྐྲུན་ཐབས་ཀྱི་ཆེད་དུ་བེད་སྤྱོད་གཏོང་དགོས་པའི་སྐོར་བཀའ་སློབ་རྩལ་བ་དང༌། སློབ་ཕྲུག་ཚོའི་བཀའ་འདྲི་ཞུས་པ་ཁག་ལ་བཀའ་ལན་གནང་བའི་མཛད་འཆར་གྲུབ་པའི་རྗེས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་མི་འདྲ་བའི་དབུ་ཁྲིད་ཁག་དང་མཇལ་འཕྲད་གནང་སྟེ་ཕན་ཚུན་དབར་ལ་མཛའ་བརྩེ་ལྡན་པ་དང་ལྷག་པར་དུ་༧གོང་ས་མཆོག་གིས་པོའོ་ལེན་ཀྲི་གྱི་ཆིག་སྒྲིལ་ཞེས་པའི་ཚོང་འབྲེལ་མཐུན་ཚོགས་ཀྱི་རང་དབང་འཐབ་རྩོད་གྱི་གྲུབ་འབྲས་ལ་སྔགས་བརྗོད་ཀྱང་གནང་ཡོད་པ་རེད།  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎