ཚོགས་སྡེ་ཁག་ཉིས་བརྒྱ་ལྷག་གིས་ཁེ་གཉེར་ལས་ཁང་ཞིག་ལ་རྒྱ་ནག་དང་ངན་འབྲེལ་བྱེད་མི་འོས་བའི་འབོད་སྐུལ་བྱས་འདུག

2021.04.01
ཚོགས་སྡེ་ཁག་ཉིས་བརྒྱ་ལྷག་གིས་ཁེ་གཉེར་ལས་ཁང་ཞིག་ལ་རྒྱ་ནག་དང་ངན་འབྲེལ་བྱེད་མི་འོས་བའི་འབོད་སྐུལ་བྱས་འདུག ངོ་རྒོལ་བའི་དྲིལ་བསྒྲགས་སྦྱར་བྱང་།
ལས་འགུལ་ཚོགས་པའི་དྲ་བ་ནས་བླངས།

ཚོགས་སྡེ་ཁག་ཉིས་བརྒྱ་ལྷག་གིས་(Snickers)ཞེས་པའི་མངར་ཟས་ཁེ་གཉེར་ལས་ཁང་ལ་རྒྱ་ནག་གི་བྱ་སྤྱོད་ངན་པ་ངོས་ཟིན་པའི་ཐོག་རྒྱ་ནག་དང་ངན་འབྲེལ་བྱེད་མི་འོས་བའི་འབོད་སྐུལ་བྱས་འདུག
དེ་ཡང་ཨ་རིའི་ནང་གི་(Snickers)ཞེས་པའི་མངར་ཟས་ཁེ་གཉེར་ལས་ཁང་དེ། ༢༠༢༢ལོར་རྒྱ་ནག་ནང་འཚོགས་འཆར་ཡོད་པའི་དགུན་དུས་རྒྱལ་སྤྱིའི་ཨོ་ལིམ་པིཀསི་(Olympics)རྩེད་འགྲན་གྱི་སྦྱིན་བདག་གྲས་སུ་ཞུགས་འཆར་ཡོད་པའི་གནས་ཚུལ་ཐོན་པ་དང་། ཕྱི་ཟླ་༤པའི་ཚེས་༡ཉིན། རྒྱལ་སྤྱིའི་བོད་ཀྱི་དྲ་བ་(International Tibet Network)དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། འཛམ་གླིང་ཡུ་གུར་ཚོགས་པ་(World Uyghur Congress) དབྱིན་ཡུལ་ནང་གི་བོད་རང་དབང་ཚོགས་པ་སོགས་ཀྱི་གཙོས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་༢༠༠ལྷག་གིས་(Snickers)ཞེས་པའི་མངར་ཟས་ཁེ་གཉེར་ལས་ཁང་ལ། རྒྱ་ནག་གཞུང་གིས་མི་རིགས་རྩ་གཏོར་དང་། ཁྲིམས་འགལ་བཙན་བཟུང་། དམ་དྲག་དྲག་གནོན་གྱི་བྱ་སྤྱོད་སྤེལ་བཞིན་པ་གུ་ཡངས་གཏོང་མི་རུང་བ་དང་། རྒྱ་ནག་དང་ལག་འབྲེལ་བྱས་ནས་རྒྱ་ནག་ནང་འཚོགས་འཆར་ཡོད་པའི་༢༠༢༢ལོའི་དགུན་དུས་རྒྱལ་སྤྱིའི་ཨོ་ལིམ་པིཀསི་(Olympics)རྩེད་འགྲན་དེའི་སྦྱིན་བདག་ནང་མཉམ་ཞུགས་མི་གནང་བའི་འབོད་སྐུལ་བྱས་འདུག
ཚོགས་སྡེ་ཁག་ཉིས་བརྒྱ་ལྷག་གི་མཉམ་འབྲེལ་བསྒྲགས་གཏམ་ནང་། དེང་སྐབས་རྒྱ་ནག་གཞུང་གིས་དབང་བསྒྱུར་བྱས་པའི་བོད་ནང་སྤྱི་དམངས་དང་ཆབ་སྲིད་རང་དབང་སོགས་གང་ཡང་མེད་པར་དཀྱིལ་ཤར་ཡུལ་གྲུ་སི་རི་ཡ་(Syria)དང་གཅིག་མཚུངས་ཀྱི་གནས་སྟངས་ནང་ལྷུང་ཡོད་པ་དང་། ཤིན་ཅང་ངམ་ཤར་ཏུར་ཀིསུ་ཐན་ནང་ཡུ་གུར་ཁ་ཆེའི་མི་རིགས་ས་ཡ་གཉིས་ལྷག་བཀག་སྐྱིལ་བྱས་ནས་བཙན་གྱིས་ངལ་རྩོལ་སྐུལ་བཞིན་པ། ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ཀྱི་ཁྲིམས་གཞི་ཟེར་བ་བཀོད་འདོམས་བྱས་ཏེ་རང་དབང་ཕྲན་བུ་ཡོད་པ་དེ་ཡང་མེད་པར་བཟོ་བཞིན་པ་སོགས་མདོར་ན། རྒྱ་ནག་གཞུང་གིས་མི་རིགས་རྩ་གཏོར་དང་། ཁྲིམས་འགལ་བཙན་བཟུང་། དམ་དྲག་དྲག་གནོན་གྱི་བྱ་སྤྱོད་སྤེལ་བཞིན་པ་ངོས་ཟིན་པའི་ཐོག་བྱ་སྤྱོད་ངན་པའི་རིགས་གུ་ཡངས་གཏོང་མི་རུང་བས། རྩེད་འགྲན་གྱི་སྦྱིན་བདག་གྲས་ནས་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།
རྒྱ་ནག་ནང་འཚོགས་འཆར་ཡོད་པའི་རྩེད་འགྲན་དེའི་ཐད་རྒྱལ་སྤྱིའི་ནང་ངོ་རྒོལ་བྱེད་མཁན་ཧ་ཅང་མང་པོ་ཡོད་པ་དང་། ཨ་རིའི་ནང་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ལྕམ་(Sophie Richardson)ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་དང་། ཤིན་ཅང་ངམ་ཤར་ཏུར་ཀིསུ་ཐན། རྒྱ་ནག ཧོང་ཀོང་སོགས་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་བབ་ལས་༢༠༢༢་ལོའི་དགུན་དུས་རྒྱལ་སྤྱིའི་རྩེད་འགྲན་དེ་རྒྱ་ནག་ལ་འོས་བབ་མེད་པ་དང་། རྒྱལ་སྤྱིའི་(Olympics)རྩེད་འགྲན་ཚོགས་ཆུང་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུའི་ཁས་ལེན་བྱས་པ་ལག་བསྟར་དོན་འཁྱོལ་གནང་མེད་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎