རྒྱ་ནག་ནང་སླར་ཡང་མང་ཚོགས་ཁྲོད་གྲི་རྒྱབ་པའི་དོན་རྐྱེན།
2014.05.06

རྒྱ་ནག་ཀོང་ཀྲོའུ་གྲོང་ཁྱེར་གྱི་མེ་འཁོར་འབབ་ཚུཊ་སུ་འགྲུལ་བཞུད་པའི་ཁྲོད་གྲི་རྒྱབ་པའི་དོན་རྐྱེན་ཁྲོད་ཉུང་མཐར་མི་དྲུག་ལ་རྨས་སྐྱོན་ཕོག་འདུག
དེ་ཡང་སྤྱི་ཟླ༥པའི་ཚེས་༦ཉིན་རྒྱ་ནག་གི་ལྷོ་ཕྱོགས་Guangdongཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་གྱི་མེ་འཁོར་འབབ་ཚུགས་སུ་གློ་བུར་མི་ཁག་གཅིག་གིས་མང་ཚོགས་ཁྲོད་གྲི་རྒྱབ་པའི་དོན་རྐྱེན་བྱུང་ཡོད་པ་དང་། གྲོང་ཁྱེར་གྱི་བདེ་འཇགས་ལས་ཁང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང། ཉེན་རྟོག་པས་གྲི་རྒྱབ་མཁན་གྱི་མི་གཅིག་ལ་སྐབས་ཐོག་མེ་མདའ་རྒྱབ་པའི་གནས་ཚུལ་བཀོད་ཡོད་པ་དང། ཡང་རྒྱ་ནག་མི་དམངས་ཉིན་རེའི་ཚགས་པར་གྱིས་གནས་ཚུལ་སྤེལ་བའི་ནང་། གྲི་རྒྱབ་མཁན་ཁྲོད་ཁྱོ་ག་བཞི་ཡོད་པ་དང། ཁོང་ཚོས་ཞྭ་མོ་དཀར་པོ་གྱོན་འདུག་ལ་ཉེན་རྟོག་པའི་ཉེན་བརྡ་རྩིས་མེད་བཏང་བར་བརྟེན་ནས་ཉེན་རྟོག་པས་མེ་མདའ་རྒྱབ་ནས་མི་གཅིག་བསད་པ་དང། མི་གཅིག་འཛིན་བཟུང་བྱས་པ། མི་གཉིས་བྲོས་ཕྱིན་ཡོད་ཀྱང་རྗེས་སུ་མི་གཅིག་འཛིན་བཟུང་བྱས་ཡོད་པའི་སྐོར་འཁོད་འདུག
དོན་རྐྱེན་ཁྲོད་ཉུང་མཐར་མི་དྲུག་ལ་རྨས་སྐྱོན་ཕོག་ཡོད་པ་དང་། ཉེ་ཆར་རྒྱ་ནག་གི་རི་ལིའི་བབས་ཚུགས་སུ་གྲི་རྒྱབ་པའི་དོན་རྐྱེན་ཐེངས་གཉིས་བྱུང་ཡོད་ལ་དེ་ནི་ཤིན་ཅང་གི་རྒྱལ་ས་Urumqiནང་འབར་རྫས་ཀྱི་དོན་རྐྱེན་དང་མི་གསོད་ཀྱི་དོན་རྐྱེན་ཁྲོད་རྒྱ་ནག་གིས་རྒོལ་རྡུང་གཏོང་མཁན་མི་གཉིས་བསད་པ་དང། ཞི་བའི་མི་སེར་གཅིག་རྐྱེན་འདས་སུ་ཕྱིན་པ། མི་གྲངས་༧༩རྨས་སྐྱོན་ཕོག་པ་སོགས་ཀྱི་དོན་རྐྱེན་བྱུང་ནས་གཟའ་འཁོར་གཅིག་མ་ཕྱིན་པའི་སྐབས་དེར་བསྐྱར་ཏུ་བྱུང་བ་ཞིག་ཡིན་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།