རྒྱ་ནག་གི་བཙོན་དུ་ཡོད་པའི་ལིའུ་ཤའོ་ཕའོ་ཡི་སྐོར།

དེ་སྔོན་སྤྱི་ལོ་༢༠༠༩་སྤྱི་ཟླ་༡༢་ནང་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་གྱི་སྒྲིག་གཞི་༠༨ཅན་གྱི་རྩོམ་ཡིག་བྲིས་མཁན་གྲས་ཤིག་གི་སྐོར།

2011.10.06

 ༄༅༎རྒྱ་ནག་གཞུང་གི་བལྟ་སྤྱོད་དང་རྒྱབ་འགའ་བྱས་ཏེ་དམངས་གཙོའི་ལས་འགུལ་སྤེལ་མཁན་དེ་སྔོན་སྤྱི་ལོ་༢༠༠༩་སྤྱི་ཟླ་༡༢་ནང་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་གྱི་སྒྲིག་གཞི་༠༨ཅན་གྱི་རྩོམ་ཡིག་བྲིས་མཁན་གྱི་གྲས་སུ་ཡོད་པ་ལིའུ་ཤའོ་པོ། དེང་སྐབས་རྒྱ་ནག་གཞུང་གི་བཙོན་འོག་ཏུ་ཡོད་མུས་ཐོག་ན་ནིང་སྤྱི་ཟླ་༡༠་ཚེས་༨་ཉིན་ཁོང་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་བྱ་དགའ་དེ་ཁོང་ལ་ཐོབ་པ་ནི་རྒྱ་རིགས་ལ་ཐོག་མ་དེ་ཡིན་པ་རེད།
དགུང་གྲངས་༥༥་སོན་པའི་ལིའུ་ཤའོ་པོ། རྒྱལ་ཁབ་ལ་རྒྱབ་གཏོད་བྱས་པའི་ཉེས་པའི་འོག་བཙོན་ཚད་ལོ་༡༡་བཏང་ཡོད་པ་དང་དེ་བཞིན་ད་ཕན་ཁོང་གི་་བཟའ་ཟླ་ལིའུ་ཤའ་ གཅུང་པོ་ལིའུ་སོགས་ནང་མི་སྤུན་མཆེད་སུ་ཞིག་བཙོན་ཁང་ནང་ཁོང་ལ་བལྟ་ཐུག་བྱེད་པར་བཏང་མེད་པ་རེད། འོན་ཀྱང་ཉེ་བའི་ཆར་ཁོང་གི་ཡབ་སྐུ་ཚེ་མ་ཟིན་པའི་སྐབས་སུ་ལིའུ་ཤའོ་པོ་ཡི་བཙོན་ཁང་ནས་སྤུན་མཆེད་དང་བཟའ་ཟླ་ལིའུ་ཤའ་ཁོང་གཉིས་ཐུག་འཕྲད་བྱེད་པར་བཏང་ཡོད་ཀྱང་དེ་སྐབས་ཉེན་རྟོིག་པའི་བལྟ་སྲུང་འོག་སེམས་ནང་ཡོད་པའི་སྐད་ཆ་ཤོད་པའི་དབང་བྱུང་མེད་པ་སོགས་ཀྱི་གནས་ཚུལ་འཁོད་བཞག༎།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎