སྲིད་སྐྱོང་མཆོག་ཨ་ཧྥེ་རི་ཀར་ཕྱོགས་བསྐྱོད་གནང་འདུག


2018.02.07
སྲིད་སྐྱོང་མཆོག་ཨ་ཧྥེ་རི་ཀར་ཕྱོགས་བསྐྱོད་སྐབས། ༢༠༡༨།༢།༥ སྲིད་སྐྱོང་མཆོག་ཨ་ཧྥེ་རི་ཀར་ཕྱོགས་བསྐྱོད་སྐབས། ༢༠༡༨།༢།༥
tibet.net

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨ་ཧྥེ་རི་ཀའི་ནང་ཐེངས་དང་པོར་གཟིགས་སྐོར་ཕྱོགས་བསྐྱོད་གནང་འདུག
དེ་ཡང་སྤྱི་ཚེས་༧ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་སྟེང་གནས་ཚུལ་བཀོད་པ་ལྟར་ན། ཟླ་བ་འདིའི་སྤྱི་ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལྷོ་ཨ་ཧྥེ་རི་ཀའི་ཇོ་ཧན་ནེསི་བྷག(Johannesburg)གྲོང་ཁྱེར་དུ་ཐེངས་དང་པོར་ཕེབས་ཡོད་པ་དང་། ཁོང་གནམ་ཐང་དུ་འབྱོར་སྐབས་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་དང་ལམ་རིམ་ནང་པའི་ཆོས་ཚོགས་ཀྱི་ཚོགས་གཙོ་སོགས་ཀྱིས་ཕེབས་བསུ་ཞུས་ཡོད་པ་རེད།
ཐེངས་འདིར་སྲིད་སྐྱོང་མཆོག་གིས་ཇོ་ཧན་ནེ་སི་བྷག་གྲོང་ཁྱེར་དེའི་ནང་རྟེན་གཞི་བྱས་པའི་ལམ་རིམ་ཆོས་ཚོགས་ལ་གཟིགས་སྐོར་དང་། དེ་བཞིན་གསར་འགྱུར་ལས་ཁུངས་ཁག་ཅིག་ནང་ཕེབས་ནས་བཅར་འདྲི་དང་ལེན་གནང་འདུག
སྤྱིར་ཐེངས་འདིར་ལྷོ་ཨ་ཧྥེ་རི་ཀ་གྲོས་ཚོགས་ཀྱི་ཨིན་ཀ་ཐ་(Inkatha)ཆབ་སྲིད་ཚོགས་པས་སྲིད་སྐྱོང་མཆོག་ལ། སྤྱི་ཚེས་ ༨ ཉིན་ཡུལ་དེའི་གྲོས་ཚོགས་ནང་སྲིད་འཛིན་ཛུ་མ་མཆོག་གི་རྒྱལ་ཡོངས་གཏམ་བཤད་གནང་རྒྱུའི་མཛད་སྒོ་གལ་ཆེའི་ཐོག་ཆེད་མངགས་མགྲོན་འབོད་ཞུས་ཡོད་ཀྱང་། ཡུལ་དེའི་རྒྱལ་ནང་གི་ཆབ་སྲིད་ཀྱི་གནད་དོན་ཞིག་གིས་རྐྱེན་པས་མཛད་སྒོ་འཕར་འགྱངས་གནང་དགོས་བྱུང་འདུག
དེ་བས་སྤྱི་ཚེས་ ༦ ཉིན་སྲིད་སྐྱོང་མཆོག་ལྷོ་ཨ་ཧྥེ་རི་ཀའི་གྲོང་ཁྱེར་ཁེ་ཕུ་ཌོན་( Cape Town )ནང་ཕེབས་ཡོད་ལ་སྐབས་དེར་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་མི་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་གནས་ཚུལ་ནང་བཀོད་འདུག

གསར་འགོད་པ་ལྕགས་མོ་འཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎