སྲིད་སྐྱོང་མཆོག་ཨོ་སི་ཊོ་ལི་ཡར་གཞུང་དོན་ཕྱོགས་བསྐྱོད་གནང་རྒྱུ་རེད།


2017.07.31
སྲིད་སྐྱོང་བློ་བཟང་སེང་གེ་མཆོག ༢༠༡༧།༥ སྲིད་སྐྱོང་བློ་བཟང་སེང་གེ་མཆོག ༢༠༡༧།༥
Lhuboom/RFA

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རྒྱ་གར་ལྡི་ལི་དང་ཨོ་སི་ཊོ་ལི་ཡ་བཅས་སུ་གཞུང་དོན་ཕྱོགས་བསྐྱོད་གནང་འཆར་འདུག
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ལོ་ ༢༠༡༧ ་ཟླ་ ༨ ཚེས་ ༢ ་ཉིན་ནས་ཟླ་ ༨ ་ཚེས་ ༡༣ ་བར་རྒྱ་གར་རྒྱལ་ས་ལྡི་ལི་དང་། ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སི་ཌི་ནི། ཁན་བྷེ་ར། མེལ་བྷོན་བཅས་སུ་ཕེབས་ནས་གསུང་བཤད་གནང་རྒྱུ་མ་ཟད། གནད་ཡོད་མི་སྣ་དང་མཇལ་འཕྲད་སོགས་ཀྱི་ཕྱོགས་བསྐྱོད་མཛད་འཆར་འདུག
ཕྱི་ཟླ་ ༨ ཚེས་ ༢ ་ཉིན་རྡ་སའི་ག་གཱལ་གནམ་ཐང་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༨ ་ཉིན་གྱི་སྔ་དྲོ་ལྡི་ལིར་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་གནང་རྒྱུ་མ་ཟད། བོད་དོན་ཐོག་བགྲོ་གླེང་གནང་རྒྱུ་དང་། ཕྱི་ཚེས་ ༤ ་ཉིན་ལྡི་ལིའི་གནམ་ཐང་ནས་ཨོ་སི་ཊོ་ལི་ཡར་ཕེབས་ཐོན་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༥ ་ཉིན་གྲོང་ཁྱེར་སི་ཌི་ནིར་ཡོད་པའི་ཚོགས་ཁང་གྲགས་ཅན་(Sydney Opera House)་ཞེས་པའི་ནང་། སྲིད་སྐྱོང་མཆོག་གིས་དུས་རབས་ ༢༡ ་ནང་བོད་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་དང་། ཚེས་ ༦ ་ནས་ ༧ ་བར་ཉེ་འཁོར་གྱི་གཙུག་ལག་སློབ་གཉེར་ཁང་ཁག་གཅིག་ནང་མགྲོན་འབོད་ལྟར་ཆེད་ཕེབས་ཀྱིས་སློབ་གྲྭའི་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་རྒྱུ་ཡིན་འདུག
ཕྱི་ཟླ་ ༨ ་པའི་ཚེས་ ༩འི་ཉིན་ (Finkle)་འཁྲབ་སྟོན་ཁང་ནང་། རྒྱལ་སྤྱིའི་ཁྲིམས་ནང་བོད་ཀྱི་གནས་བབ་དང་། རྒྱ་ནག་གི་རྩ་ཁྲིམས། རྒྱལ་ནང་གི་ཁྲིམས་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་ རྒྱུ་ཡིན་པ་དང་། ཕྱི་ཚེས་ ༧ ནས་ ༡༢ ་བར་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ནོ་རཱ་དང་། དེ་ནས་རྒྱལ་ས་ཁན་བྷེ་ར་དང་། དེ་རྗེས་གྲོང་ཁྱེར་མེལ་བྷོན་བཅས་སུ་རིམ་བཞིན་བསྐྱོད་དེ་གནད་ཡོད་མི་སྣ་རྣམས་དང་མཇལ་འཕྲད་དང་འབྲེལ་བོད་དོན་གླེང་སློང་གནང་རྒྱུ་བཅས་ཀྱི་གཞུང་དོན་རྣམས་ཡོངས་སུ་ལེགས་པར་གྲུབ་མཚམས། ཕྱི་ཚེས་ ༡༢ ་ཉིན་ཨོ་གླིང་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཚེས་ ༡༣་ཉིན་ལྡི་ལི་ནས་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག

གསར་འགོད་པ་བོད་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎