སྲིད་སྐྱོང་མཆོག་རྒྱལ་སྤྱིའི་དབུ་ཁྲིད་ཀྱི་ལྷན་ཚོགས་ཐོག་མཉམ་ཞུཊ།
2014.12.18

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་རྒྱ་གར་གྱི་ས་གནས་Gaoནང་ཚོགས་རྒྱུའི་༢༠༡༤ ལོའི་རྒྱལ་སྤྱིའི་དབུ་ཁྲིད་ཀྱི་ལྷན་ཚོགས་ཐོག་མཉམ་ཞུགས་གནང་འདུག
དེ་ཡང་སྲིད་སྐྱོང་མཆོག་ཕྱི་ཟླ་༡༢ ནས་འགོ་བཙུགས་ཏེ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཧི་མ་ལ་ཡའི་དུས་སྟོན་ཐོག་ཕེབས་པ་དང་། རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་ཅིག་མཇལ་འཕྲད་ཞུས་པ་སོགས་ཀྱི་ལས་དོན་གྲུབ་ཏེ། ཚེས་༡༩ནས་༢༡བར་རྒྱ་གར་གྱི་ས་གནས་Gaoནང་དུ་ཚོགས་རྒྱུའི་རྒྱལ་སྤྱིའི་དབུ་ཁྲིད་ཀྱི་ལྷན་ཚོགས་ཐོག་གདན་ཞུ་ཕུལ་བ་ལྟར་ཚོགས་བཅར་གནང་རྒྱུ་ཡིན་ཞིང་། ལྷན་ཚོགས་དེའི་ནང་འཛམ་གླིང་གི་དབུ་ཁྲིད་དང་། གཞུང་ཚབ་པ། སྙན་གྲགས་ཅན་གྱི་གསར་འགོད་པ། རྩོམ་བྲིས་པ། ཆོས་ལུགས་ཀྱི་དབུ་ཁྲིད་སོགས་མཉམ་ཞུགས་གནང་གི་ཡོད་པ་མ་ཟད། ལྷན་ཚོགས་ཐོག་ལ་དུས་རབས་༢༡ ནང་གི་དམངས་གཙོ་དང་། ཆོས་ལུགས་དང་འཆམ་མཐུན། འཇིགས་སྐུལ་པ་སོགས་བརྗོད་གཞི་མི་འདྲ་བའི་ཐོག་གསུང་བཤད་ཀྱང་གནང་གི་ཡོད་པ་ལྟར། སྲིད་སྐྱོང་མཆོག་གིས་ཕྱི་ཟླ་༡༢ པའི་ཚེས་༢༠ ཉིན་ལྷོ་ཨེ་ཤི་ཡའི་ནང་དུ་ཞི་བདེ་རྒྱུན་གནས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་གི་ཡོད་པ་རེད།
སྲིད་སྐྱོང་མཆོག་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་Sushma Swarajམཆོག་དང། ཚོང་དོན་དང་བཟོ་ལས་བློན་ཆེན་སྐུ་ཞབས་Nirmala Sitharaman, ཁྲིམས་ཀྱི་བློན་ཆེན་སྐུ་ཞབས་Ravi Shankar Prasad,ནུས་ཤུགས་བློན་ཆེན་སྐུ་ཞབས་Piyush Goyalསོགས་རྒྱ་གར་གྱི་གནད་ཡོད་དབུ་ཁྲིད་དང་། དེ་བཞིན་གཟུགས་མཐོང་བརྙན་འཕྲིན་གྱི་གསར་འགོད་པ་ཁག་ཅིག འཛམ་གླིང་གི་དབུ་ཁྲིད་ཁོངས་སུ་Jordanརྒྱལ་ཁབ་ཀྱི་སྲིད་བློན་ཟུར་པ་སྐུ་ཞབས་Abdelsalam Al-Majaliདང། Soliveniaཡི་སྲིད་བློན་ཟུར་པ་སྐུ་ཞབས་Aloj Peterle, Netherlandཡི་སྲིད་བློན་ཟུར་པ་སྐུ་ཞབས་Ruud Lubbensསོགས་གནད་ཡོད་ཅན་གྱི་དབུ་ཁྲིད་ཀྱི་ལྷན་དུ་ཚོགས་ཞུགས་གནང་གི་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།