སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཇར་མན་ནེར་ཕེབས་ཡོད་འདུག


2014.08.26
སྲིད་སྐྱོང་དང་ཕྱི་འབྲེལ་བཀའ་བློན་རྣམ་གཉིས་ཇར་མན་ལ་གསར་འགོད་པ་ཁག་གཅིག་དང་ཐུག་འཕྲད། ༢༠༡༤།༨།༢༥ སྲིད་སྐྱོང་དང་ཕྱི་འབྲེལ་བཀའ་བློན་རྣམ་གཉིས་ཇར་མན་ལ་གསར་འགོད་པ་ཁག་གཅིག་དང་ཐུག་འཕྲད། ༢༠༡༤།༨།༢༥
བོད་མིའི་སྒྲིག་འཛུགས

སྲིད་སྐྱོང་མཆོག་བོད་རྒྱ་མི་རིགས་གཉིས་ཀྱི་ཐོུང་གི་ཐབས་ལམ་འཚོལ་བ་ཞེས་པའི་བགྲོ་གླེང་ཚོགས་འདུར་མཉམ་ཞུགས་གནང་གི་ཡོད་པ་རེད།
དེ་ཡང་སྲིད་སྐྱོང་མཆོག་ཕྱི་ཟླ་བརྒྱད་པའི་ཚེས་༢༥ ཉིན་ཇར་མན་གྱི་གྲོང་ཁྱེར་Hamburgཏུ་ཕེབས་འབྱོར་བྱུང་སྟེ་དེར་ཉིན་གྲངས་གསུམ་རིང་ཞུགས་ཀྱི་ཡོད་པ་དང་། གྲོང་ཁྱེར་Hamburg ཏུ་ཕེབས་འབྱོར་བྱུང་བའི་ཉིན་དང་པོར། ཁུལ་དེའི་ནང་གི་གལ་ཆེའི་གསར་འགོད་པ་དྲུག་དང་མཇལ་འཕྲད་གནང་སྟེ། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཡོ་རོབ་ཁུལ་དུ་བོད་རྒྱ་གཉིས་ཕན་གྱི་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་ནང་དོན་གོ་རྟོགས་སྤེལ་རྒྱུའི་ལས་དོན་འཆར་གཞི་ཁག་དང། དབུ་མའི་ལམ་གྱི་སྲིད་ཇུས་ཇི་ལྟར་གཏན་འབེབས་བྱུང་རིམ་དང། དབུ་མའི་ལམ་གྱི་སྲིད་ཇུས་དེའི་དམིགས་ཡུལ་དང་དགེ་མཚན་སོགས་ཀྱི་སྐོར་རོབ་བསྡུས་ཞིག་ངོ་སྤྲོད་གནང་ཡོད་པ་རེད། དེ་རྗེས་སྲིད་སྐྱོང་མཆོག་གིས། Germany དབུས་གཞུང་གི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་སྐུ་ཞབས་Christoph Strasserདང་མཇལ་འཕྲད་ཞུས་པ་མ་ཟད། ཁོང་གི་ལྷན་དུ་རྒྱ་ནག་གི་ཤུགས་རྐྱེན་འཕེལ་བཞིན་པ་ཞེས་པའི་བརྗོད་གཞིའི་བགྲོ་གླེང་ཐོག་མཉམ་ཞུགས་གནང་ཡོད་པ་རེད། ད་དུང་ཉིན་དེར་སྲིད་སྐྱོང་མཆོག་གིས། Germany ནང་དུ་བཞུགས་མཁན་བོད་མི་དང་དེ་བཞིན་དུ་ཡོ་རོབ་རྒྱལ་ཁབ་ཁག་ནས་གྲོང་ཁྱེར་Hamburgཏུ་༧གོང་ས་མཆོག་གིས་ཉིན་བཞིའི་རིང་གི་གསུང་ཆོས་དང་བཀའ་སློབ་ཞུ་བར་བཅར་བའི་བོད་མི་རྣམས་ལ་གསུང་བཤད་ཀྱང་གནང་ཡོད་པ་རེད།
ཕྱི་ཚེས་༢༧ ཉིན་གྲོང་ཁྱེར་Hamburg ཏུ་བོད་རྒྱ་གཉིས་ཀྱི་ལྷན་ཚོགས་དབུ་འཛུགས་
གནང་རྒྱུ་ཡིན་པ་དང། ལྷན་ཚོགས་དབུ་འབྱེད་ཉིན་དེར་སྲིད་སྐྱོང་མཆོག་གིས་དབུ་མའི་ལམ་གྱི་སྲིད་ཇུས་སྐོར་ལ་གཙོ་བོ་གསུང་བཤད་གནང་རྒྱུ་ཡིན་ཞིང་། ད་དུང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་དང། ཡོ་རོབ་ཁུལ་གྱི་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱན་མཚན་ལགས་མཉམ་ཞུགས་ཀྱིས་གསུང་བཤད་ཀྱང་གནང་རྒྱུ་ཡིན་པ་རེད། ལྷན་ཚོགས་དེ་ནི་ཕྱི་ཚེས་༢༧ དང་༢༨ ཉིན་གཉིས་རིང་སྐོང་ཚོགས་གནང་གི་ཡོད་དང་།   དེའི་རིང་ལ་བོད་རྒྱ་མི་རིགས་གཉིས་ཕན་ཚུན་བསམ་ཚུལ་བརྗེ་རེས་དང། འདས་དང་ད་ལྟའི་བོད་རྒྱ་གཉིས་ཀྱི་འབྲེལ་བའི་ཐོག་ལ་དཔྱད་ཞིབ་བྱ་རྒྱུ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་དང། དབུ་མའི་ལམ་གྱི་སྲིད་ཇུས་གོ་རྟོགས་སྤེལ་རྒྱུའི་ཆེད་དུ་འབྲེལ་ལམ་གྱི་ནུས་པ་གོང་འཕེལ་ཇི་ལྟར་གཏོང་ཕྱོགས་སྐོར་ལ་གོ་བསྡུར་གནང་རྒྱུ་ཡིན་པ་རེད།  

གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎