བོད་ཀྱི་འགྲེམས་སྟོན་ཁང་དང་གཞུང་འབྲེལ་དྲ་བ་བསྐྱར་བཅོས།


2015.04.30
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་ཀྱི་དངོས་བཤམས་འགྲེམས་སྟོན་ཁང་དང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་བསྐྱར་བཅོད་དབུ་འབྱེད། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་ཀྱི་དངོས་བཤམས་འགྲེམས་སྟོན་ཁང་དང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་བསྐྱར་བཅོད་དབུ་འབྱེད།
TD/RFA

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་ཀྱི་དངོས་བཤམས་འགྲེམས་སྟོན་ཁང་དང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་བསྐྱར་བཅོད་དབུ་འབྱེད།
དེ་ཡང་དེ་རིང་ཟླ་༤་པའི་ཚེས་༣༠་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱི་ཕེབས་རོགས་འོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཞུགས་སྒར་དུ་བསྐྱར་དུ་བཟོ་བསྐྲུན་གནང་བའི་བོད་ཀྱི་དངོས་བཤམས་འགྲེམས་སྟོན་ཁང་དབུ་འབྱེད་ཀྱི་དར་མཚོན་བྲེག་པ་གནང་བ་དང་། བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་རྒྱ་བསྐྱར་བཅོས་ཁ་གནོན་ལེགས་པར་འགྲུབ་པ་དབུ་འབྱེད་གནང་ཡོད་པ་རེད། བསྐྱར་དུ་བཟོ་བསྐྲུན་གནང་བའི་བོད་ཀྱི་དངོས་བཤམས་འགྲེམས་སྟོན་ཁང་དེ་ནི་པར་རིས་དང་བརྙན་པར་ཚད་གཞི་རྒྱ་ཆེར་བཏང་བ་སོགས་ཚུད་པའི་བསྐྱར་དུ་འཆར་བཀོད་དང་། ལག་རྩལ་གསར་བཅོས་གནང་བ་དང་། ལྷག་པར་དུ་བོད་ནང་གི་གནས་ཚུལ་སྤྱི་དང་དམིགས་བསལ་རང་ལུས་མེར་བསྲེགས་དང་འབྲེལ་བའི་དངོས་དོན་མང་པོ་ཞིག་གི་སྐོར་རྣམ་པ་གསར་རྐྱང་གི་ཐོག་ནས་མངོན་པར་ཐུབ་ཀྱི་ཡོད་པ་རེད།  ད་ལམ་འགྲེམས་སྟོན་དབུ་འབྱེད་ཀྱི་མཛད་སྒོའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་བའི་ནང་། བོད་ཀྱི་དངོས་བཤམས་འགྲེམས་སྟོན་ཁང་གིས་འབད་བརྩོན་ཆེན་པོ་བྱས་པའི་ཐོག་ནས་བོད་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་པར་རིས་ཉར་ཚགས་གང་ལེགས་གནང་བར་བསྔགས་བརྗོད་གནང་བ་དང་འབྲེལ་འགྲེམས་སྟོན་ཁང་ནང་བཏོན་པའི་པར་རིས་དེ་ཚོའི་ཐོག་ནས་རྒྱ་ནག་གིས་བོད་བཙན་བཟུང་བྱས་ཏེ་བོད་མིར་གནའ་གནོན་ཇི་ལྟར་བཏང་ཚུལ་གྱི་གླེང་སྟེགས་གསལ་པོ་ཞིག་ཕྱིར་སྟོན་བྱེད་ཐུབ་ཡོད། ཉེ་བའི་ལོ་ཤས་ཚུན་ནས་དྲིལ་བསྒྲགས་ཚན་པའི་འགྲེམས་སྟོན་ཁང་གིས་གཞིས་ཆགས་སོགས་སུ་བསྐོར་བསྐྱོད་འགྲེམས་སྟོན་བྱས་པར་བོད་ཀྱི་གནད་དོན་ལ་སྔར་བས་ངོས་འཛིན་གསལ་རྟོགས་ཡོང་རྒྱུར་ཕན་ཐོགས་བྱུང་ཡོད་ཅེས་སོགས་གསུངས་འདུག དེ་མཇུག་དྲུང་ཆེ་བཀྲིས་ཕུན་ཚོགས་ལགས་ཀྱིས་ཐེངས་འདིའི་འགྲེམས་སྟོན་སྐོར་གྱི་ལས་དོན་དང་མ་འོངས་དཔེ་དེབ་པར་བསྐྲུན་སོགས་སྐོར་ལ་མཇུག་བསྡོམས་གསུང་བཤད་གནང་འདུག ད་རེས་བོད་ཀྱི་དངོས་བཤམས་འགྲེམས་སྟོན་ཁང་འཆར་བཀོད་བཟོ་བསྐྲུན་ལ་ཨ་རིའི་དམངས་གཙོ་ཐེབས་རྩ་ཁང་དང་ལུའུ་ཝཻར་ ཐེབས་རྩ་ཁང་གིས་གྲོན་དངུལ་རོགས་སྐྱོར་གནང་བ་ཞིག་ཡིན་པ་རེད།

གསར་འགོད་པ་འཇམ་དཔལ་ཕུན་ཚོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎