སྲིད་སྐྱོང་དང་ཚོཊ་གཙོས་རྒན་བདག་རྣམ་པར་གསུང་བཤད་གནང་བ།


2016.04.14
སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་རྣམ་གཉིས། ༢༠༡༦།༤ སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་རྣམ་གཉིས། ༢༠༡༦།༤
tibet.net

དེང་སྐབས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་ཚན་པས་གོ་བསྒྲིགས་འོག། གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་རྣམས་ལ་འགོ་ཁྲིད་ཀྱི་ཟབ་སྦྱོང་ཐེངས་བཞི་བ་གནང་བཞིན་ཡོད་པར་སོང༌། ཕྱི་ཚེས་༡༤་ཉིན་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ཚོར་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་རྣམ་གཉིས་ཀྱིས་བཙན་བྱོལ་བོད་མིའི་འཛིན་སྐྱོང་དང་མང་གཙོའི་འཕེལ་རིམ་བཅས་པའི་ཐད་གསུང་བཤད་གནང་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བའི་ནང། སྐབས་དེར་སྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྲ་བརྟན་དགོས་པའི་གལ་གནད་དང༌། ཤེས་ཡོན་སྲིད་བྱུས། བོད་པའི་སློབ་ཕྲུག་རྣམས་ལ་སློབ་ཡོན་སྤྲོད་ཕྱོགས། བོད་རྒྱ་ཞི་མོལ་གྱི་གནས་སྟངས་དང་ཆ་རྐྱེན། དབུ་མའི་ལམ་གྱི་སྲིད་བྱུས་བཅས་པའི་ཐད་གསུང་བཤད་གནང་བའི་ནང་ནས། བོད་དོན་བདེན་མཐའ་གསལ་རྒྱུའི་གནད་དོན་གཙོ་བོ་བོད་རྒྱ་ཞི་མོལ་ལ་རག་ལུས་ཡོད། ནམ་ཞིག་བོད་དོན་དེ་ཉིད་བདེན་མཐའ་གསལ་ངེས་ཡིན། ཡིན་ནའང་ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་གྱི་བར་བཙན་བྱོལ་སྒྲིག་འཛུགས་འདི་སྲ་བརྟན་དགོས་པ་གལ་ཆེན་རེད་ཅེས་དང༌། ཡང་དབུ་མའི་ལམ་གྱི་སྲིད་བྱུས་དེ་ང་ཚོས་ཁ་ཡོད་ལག་ཡོད་དང་ཡིད་ཆེས་ལག་བསྟར་བྱེད་རྒྱུའི་སྲིད་བྱུས་ཤིག་རེད། སྲིད་བྱུས་དེར་དོན་འབྲས་སོན་ཐབས་སུ་རྒྱ་ནག་མཉམ་ཕན་ཚུན་བསམ་ཤེས་དང་ཡིད་ཆེས་བསྐྲུན་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་ཡིན་པ་བཅས་ཀྱི་བཀའ་སློབ་གནང་འདུག
ཡང་ཉིན་དེ་རང་དུ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཟབ་སྦྱོང་ལ་མཉམ་ཞུགས་གནང་མཁན་ཚོར་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་བོད་ནང་གི་གནས་སྟངས་སོགས་ཀྱི་སྐོར་ལ་གཏམ་བཤད་གནང་ཡོད་པ་རེད།
གསུང་བཤད་གནང་ཡོད་པ་རེད།།  

གསར་འགོད་པ་ངག་དབང་ཆོས་འཕེལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎