བུད་མེད་སྒེར་ལངས་ཉིན་མོ་དེ་གཞུང་འབྲེལ་སྲུང་བརྩི་ཞུ་ཐབས་མེད།


2017.09.23
བུད་མེད་སྒེར་ལངས་ཉིན་མོ་དེ་གཞུང་འབྲེལ་སྲུང་བརྩི་ཞུ་ཐབས་མེད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བེུད་སྒེར་ལངས་ཉིན་མོ་དེ་གཞུང་འབྲེལ་སྲུང་བརྩི་ཞུ་ཐབས་མེད་པའི་སྐོར་གྲོས་ཚོགས་སུ་གསལ་བཤད་གནང་བ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། གསར་འགོད་པ་ཨོ་རྒྱན་བསྟན་འཛིན།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བེུད་སྒེར་ལངས་ཉིན་མོ་དེ་གཞུང་འབྲེལ་སྲུང་བརྩི་ཞུ་ཐབས་མེད་པའི་སྐོར་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་ལྔ་པའི་ཐོག་གསལ་བཤད་གནང་ཡོད་པ་རེད།
དེ་རིང་གྲོས་ཚོགས་ཀྱི་ཚོགས་འདུ་ཉིན་ལྔ་པའི་སྔ་དྲོར། སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས་རྒྱ་གར་ནང་གི་བོད་པའི་བེུད་རྣམས་ཀྱིས་རྒྱ་གར་གྱི་ཐོབ་ཐང་ལེན་ཕྱོགས་ཐད་  བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གིས་དེའི་ཐོག་འགག་བྱ་མེད་ཅེས་གསུངས་པ་ལས་ཆབ་སྲིད་ཀྱི་གནད་འགག་སྐོར་གསལ་པོ་བཟོས་གནང་མེད་པའི་སྐོར་གསུངས་གནང་ཡོད་ཅིང་། དེར་སྲིད་སྐྱོང་མཆོག་ནས་རྒྱ་གར་གྱི་མི་སེར་ཐོབ་ཐང་ཞུ་ཕྱོགས་ཐད་བཀའ་ཤག་གི་ལངས་ཕྱོགས་དང་རྒྱ་གར་གཞུང་གི་སྲིད་བྱུས་དབར་སྔ་རྗེས་གང་ཡང་མེད་ཅིང་།  རྒྱ་གར་གཞུང་གིས་དང་ཐོག་ནས་སྐྱབས་བཅོལ་བ་ཚོའི་ཐོག་གི་ལངས་ཕྱོགས་སྔོན་མ་ནས་ཡོད་མུས་ཡིན་པ་རེད་ཅེས་དང་། དེ་བཞིན་སྲིད་སྐྱོང་མཆོག་ནས་རྒྱ་གར་ནང་གི་བོད་མི་ཁག་ཅིག་གིས་རྒྱ་གར་གྱི་མི་སེར་ཐོབ་ཐང་ལེན་ནས་ཕྱི་ཕྱོགས་སུ་བསྒྲགས་ཆེན་པོ་བྱས་པར་བརྟེན་ནས།  ཕྱི་རྒྱལ་ནང་སྐྱབས་བཅོལ་ཞུ་མཁན་གྱི་བོེད་མི་ཚོར་ཡང་དཀའ་ངལ་འཕྲད་ཀྱི་ཡོད་པའི་སྐོར་གསུངས་འདུག ཡང་དེ་ཉིན་གྲོས་ཚོགས་ནང་སྤྱི་འཐུས་ཁག་ཅིག་གིས་ཕྱི་ཟླ་གསུམ་པའི་ཚེས་༡༢ཉིན་མོ་དེ་གཞུང་འབྲེལ་གྱི་ཉིན་མོར་སྲུང་བརྩི་ཞུ་རྒྱུའི་དགོངས་བཞེས་གནང་རྒྱུའི་སྐོར་བཏོན་ཡོད་པ་དང་།   ཡིན་ནའི་སྲིད་སྐྱོང་མཆོག་ནས་ཕྱི་ཟླ་གསུམ་པའི་ཚེས་༡༢ཉིན་མོ་དེ་གཞུང་འབྲེལ་ཉིན་མོར་ངོས་ལེན་བྱེད་ཐབས་མེད་པ་དང་།  བུད་མེད་སྒེར་ལངས་ཉིན་མོ་གཞུང་འབྲེལ་ཉིན་མོར་ངོས་ལེན་མི་བྱེད་དགོས་དོན་ནི་ཚོགས་པ་གཞན་དག་གིས་ཀྱང་རིམ་གྱིས་གཞུང་འབྲེལ་ཉིན་མོར་ངོས་ལེན་དགོས་པའི་རེ་བ་འདོན་ཡོང་གི་ཡོད་པར་བརྟེན་བཀའ་ཤག་རིམ་པ་ནས་ལངས་ཕྱོགས་གཅིག་རང་བཟུང་སྟེ་ངོས་ལེན་གནང་གི་མེད་སྐོར་གསུངས་ཡོད་འདུག།

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎