འོས་བསྡུའི་སྒྲིག་ཁྲིམས་བསྐྱར་བཅོས་ལ་བཀའ་ཤག་གི་རྒྱབ་སྐྱོར་ཡོད་པ།


2016.06.17
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ཨེ་ཤེ་ཡ་རླུང་འཕྲིན་ཁང་གིས་བཅར་འདྲིའི་སྐབས། ༢༠༡༦།༦།༡༦ སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ཨེ་ཤེ་ཡ་རླུང་འཕྲིན་ཁང་གིས་བཅར་འདྲིའི་སྐབས། ༢༠༡༦།༦།༡༦
Photo: RFA

བོད་མིའི་སྒྲིག་འཛུགས་ཀྱི་འོས་བསྡུའི་སྒྲིག་ཁྲིམས་བསྐྱར་བཅོས་ལ་འཛིན་སྐྱོང་བཀའ་ཤག་གིས་རྒྱབ་སྐྱོར་ཆ་ཚང་ཞུ་ཡི་ཡོད་པ་རེད།
དེ་ཡང་བོད་མིའི་སྒྲིག་སྒྲིགས་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གི་མཆོག་དེང་སྐབས་ཨ་རིའི་རྒྱལ་སར་གཞུང་དོན་ཕྱོགས་ཕེབས་གནང་ཡོད་པ་དང་སྟབས་བསྟུན། ཚེས་༡༦ཉིན། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བརྙན་འཕྲིན་ལམ་རིམ་ཐོག་སྲིད་སྐྱོང་མཆོག་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཨ་རིའི་ནང་བསྐྱོངས་གནང་མཛད་བཞིན་པའི་མཛད་འཕྲིན་དང་། སྲིད་སྐྱོང་མཆོག་གི་མཛད་འཆར། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བཅས་གནད་དོན་འབའ་ཞིག་ཐོག་བཅར་འདྲི་ཞུས་སྐབས།
གསར་འགོད་པས་འདི་ལོ་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུའི་འགྲན་རྩོད་ལས་འཕྲོས་དེ་འོས་བསྡུའི་སྒྲིག་གཞིར་བསྐྱར་བཅོས་དང་འབྲེལ་བའི་སྐོར་བཅར་འདྲི་ཞུས་པར། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱི་ཐད་ལ་འཛིན་སྐྱོང་བཀའ་ཤག་ནས་བོད་མི་མང་སྤྱི་འཐུས་རྒྱུན་ལས་དང་། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། དེ་བཞིན་འོས་བསྡུའི་འགན་འཛིན་བཅས་དང་བཀའ་བསྡུར་གནང་རྗེས་ད་ལྟའི་འཆར་དབུས་བསྡུ་ལས་ཁུངས་ལ་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱི་ཟིན་བྲིས་ཕུལ་ཟིན་ཚུལ་དང་། ད་དུང་འོས་བསྡུའི་སྒྲིག་ཁྲིམས་བསྐྱར་བཅོས་ལ་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་རྒྱབ་སྐྱོར་ཆ་ཚང་ཞུ་ཡི་ཡོད་པ་གསུངས་ཡོད་པ་རེད།
སྲིད་སྐྱོང་མཆོག་གིས། ད་ལྟའི་འོས་བསྡུའི་ལམ་སྲོལ་ནང་དུས་ཡུན་ཟླ་བ་མང་པོའི་རིང་འོས་བསྡུ་རྩོད་ལེན་ཀྱི་འགྲོ་ལུགས་དང་། ལྷག་པར་དུ་སྔོན་འགྲོ་དང་དངོས་གཞི་བཅས་རིམ་པ་གཉིས་ཀྱི་ཐོག་ནས་འོས་བསྡུ་འགྲོ་བཞིན་པའི་ལམ་སྲོལ་དེ་དུས་ཚོད་འགོར་ཤས་ཆེ་བ་དང་། དཔལ་འབྱོར་ཐད་ནས་འགྲོ་སོང་ཆེ་བ། དེ་བཞིན་འཐེན་འཁྱེར་དང་ཕྱོགས་ཞེན་ཀྱི་རྣམ་པའི་ཐོག་ནས་འགྲན་རྩོད་རྣོ་ངར་ཆེན་པོ་ཡོང་བཞིན་པ་སོགས་ལ་བརྟེན་དེར་བསྐྱར་བཅོས་དགོས་ངེས་ཤིན་ཏུ་ཆེ་བ་ཡིན་པ་གསུངས་ཡོད།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎