སྲིད་སྐྱོང་མཆོག་གླེང་སྟེགས་ཕྱི་ལོ་༢༠༠༠་ཞེས་པར་ལྷན་ཞུགས་གནང་འདུག


2019.10.14
སྲིད་སྐྱོང་མཆོག་གླེང་སྟེགས་ཕྱི་ལོ་༢༠༠༠་ཞེས་པར་ལྷན་ཞུགས་གནང་སྐབས། ༢༠༡༩།༡༠།༡༣ སྲིད་སྐྱོང་མཆོག་གླེང་སྟེགས་ཕྱི་ལོ་༢༠༠༠་ཞེས་པར་ལྷན་ཞུགས་གནང་སྐབས། ༢༠༡༩།༡༠།༡༣
tibet.net

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཡོ་རོབ་ཀྱི་ཡུལ་གྲུ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་(Prague)་ཏུ་(Forum 2000)་འམ་གླེང་སྟེགས་ཕྱི་ལོ་༢༠༠༠་ཞེས་པའི་ཚོགས་འདུ་དབྱེ་འབྱེད་ཀྱི་མཛད་སྒོར་ལྷན་ཞུགས་གནང་འདུག
གླེང་སྟེགས་ཕྱི་ལོ་༢༠༠༠་ཞེས་པ་ནི། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་(Vaclav Havel)་མཆོག་ནས་༡༩༩༦་ལོར་གསར་བཙུགས་གནང་བའི་དགེ་རྩ་ཡིན་ཞིང་། ཚོགས་པ་དེས་ལོ་ལྟར་གླེང་སྟེགས་ཕྱི་ལོ་༢༠༠༠་ཞེས་རྒྱལ་སྤྱིའི་ལྷན་ཚོགས་གོ་སྒྲིག་ཞུ་བཞིན་པ་རེད།
ད་རེས་ཀྱི་ལྷན་ཚོགས་དེ་ཐེངས་༢༣་ཆགས་ཀྱི་ཡོད་པ་དང་། ཐེངས་འདིའི་ལྷན་ཚོགས་ནང་ (Prague)་གྲོང་ཁྱེར་གྱི་སྤྱི་ཁྱབ་དང་། སྐུ་ཞབས་(Havel)་མཆོག་གི་བུ་སྤུན་(Ivan Havel)་ དང་། ནོ་བེལ་རྩོམ་ཡིག་གཟེངས་རྟགས་བཞེས་མྱོང་ཡོད་པ་(Tawakkol Karman)་དང་། (NED)་ཞེས་ཨ་རིའི་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་(Carl Gershman) དེ་བཞིན་ཡོ་རོབ་བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་སོགས་ཁྱོན་མི་སྣ་༣༠༠་སྐོར་ཞིག་མཉམ་ཞུགས་གནང་ཡོད་པ་རེད།
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཚེས་༡༣་ལྷན་ཚོགས་ཉིན་དང་པོའི་སྐབས། འགྲོ་བ་མིའི་ལས་དོན་གྱི་འགན་འཁྲི་ཞེས་པའི་བརྗོད་གཞི་དང་འབྲེལ་ནས་སྲིད་འཛིན་ཟུར་པ་(Vaclav Havel)་མཆོག་གི་འགྲོ་བ་མིའི་འགན་འཁྲི་ཞེས་པའི་ལྟ་གྲུབ་དང་། ལྟ་གྲུབ་དེས་དེང་གི་དུས་རབས་ནང་དམངས་གཙོ་དང་།  རང་དབང་འཐབ་རྩོད་ཐད་གནད་འགག་ཇི་ཆགས་སྐོར་གཏམ་བཤད་གནང་ཡོད་པ་རེད། སྲིད་སྐྱོང་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་(Prague)་ནང་ཉིན་གསུམ་བཞུགས་རིང་། གསར་འགྱུར་རྒྱུད་ལམ་ཁག་ལ་བཅར་འདྲིའི་ལས་རིམ་དང་ དེ་བཞིན་གནད་ཡོད་མི་སྣ་མཇལ་འཕྲད་ཀྱི་མཛད་འཆར་ཡོད་འདུག
(Prague)་ཁུལ་གྱི་མཛད་འཆར་གྲུབ་མཚམས་སྲིད་སྐྱོང་མཆོག་(Belgium)་གྱི་རྒྱལ་ས་(Brussels)་དུ་ཕེབས་ནས་ཡོ་རོབ་མཐུན་ཚོགས་ཀྱི་འཐུས་མི་གསར་པ་ཁག་གཅིག་མཇལ་འཕྲད་གནང་རྒྱུ་ཡིན་འདུག་པ་དང་། དེ་ནས་ཇར་མན་གྱི་གྲོང་ཁྱེར་(Frankfurt)་ཏུ་ (Schwarz Schilling Conference)་ཞེས་པའི་ལྷན་ཚོགས་སུ་བཅར་རྒྱུ་དང་། དེ་ནས་ཧྥ་རན་སུར་ཕེབས་རྒྱུ་ཡིན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎