སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སི་པེན་བོད་ཁང་དུ་བོད་མཐོ་སྒང་གི་ས་ཁམས་དང་ཆབ་སྲིད་ཀྱི་གལ་གནད་སྐོར་གསུང་བཤད་གནང་བ།

2024.11.15
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སི་པེན་བོད་ཁང་དུ་བོད་མཐོ་སྒང་གི་ས་ཁམས་དང་ཆབ་སྲིད་ཀྱི་གལ་གནད་སྐོར་གསུང་བཤད་གནང་བ།
Tibet.net

ཚེས་ ༡༤ ཉིན་གྱི་ཕྱི་དྲོར་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་། སྦེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་རྣམ་གཉིས་ཡོ་རོབ་ Spain སི་པེན་གྱི་གྲོང་ཁྱེར་ Barcelona སྦར་སེ་ལོ་ན་གནམ་ཐང་དུ་ཕེབས་འབྱོར་སྐབས། ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་གཙོས་པའི་སི་པེན་བོད་རིགས་ཚོགས་པ་དང་། ས་གནས་བོད་མི། བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་བཅས་ནས་ཕེབས་བསུ་ཞུས་ཡོད་པ་དང་། ཉིན་དེའི་ཕྱི་དྲོར་Spain གྱི་གྲོང་ཁྱེར་Barcelonaའི་ནང་སྲིད་སྐྱོང་མཆོག་གིས་བོད་ཀྱི་མཐོ་སྒང་གི་ས་ཁམས་ཆབ་སྲིད་ཀྱི་གལ་གནད་སོགས་ཀྱི་སྐོར་མང་ཚོགས་ལ་གསུང་བཤད་གནང་འདུགདེ་ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་འདི་ཟླའི་ཚེས་༡༢་ཉིན་ནས་བཟུང་ཡོ་རོབ་ཁུལ་གྱི་རྒྱལ་ཁབ་ Portugal ལ་ཆེད་ཕེབས་གནང་སྟེ་ཡོ་རོབ་ཁུལ་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ་ལྟར་ཡོ་རོབ་ཁུལ་ལ་གཞུང་འབྲེལ་བསྐྱོད་གནང་བའི་ཉིན་གསུམ་པ་སྟེ་ཕྱི་ཟླ་༡༡་ཚེས་༡༤་ཉིན་སྲིད་སྐྱོང་མཆོག་Spainགྱི་གྲོང་ཁྱེར་Barcelonaའི་ནང་ཕེབས་འབྱོར་གནང་སྟེ་ཉིན་དེའི་ཕྱི་དྲོའི་ཕྱག་ཚོད་༧་པའི་ཐོག་གྲོང་ཁྱེར་འདིའི་ནང་ཡོད་པའི་བོད་ཁང་དུ་བོད་མཐོ་སྒང་གི་ས་ཁམས་ཆབ་སྲིད་ཀྱི་གལ་གནད་སོགས་ཀྱི་ཐོག་གསུང་བཤད་གནང་འདུག

 467207014_890728303191623_238115284560597578_n.jpg

གསུང་བཤད་ཀྱི་ལས་རིམ་དེ་བཞིན་སི་པིན་བོད་ཁང་དབུ་བརྙེས་ནས་ལོ་ངོ་༣༠་འཁོར་བའི་དུས་སྟོན་འདི་ཟླའི་ཚེས་༡༠་ནས་༡༦་བར་བདུན་ཕྲག་གཅིག་རིང་སྲུང་བརྩི་ཞུ་བཞིན་པ་དང་བསྟུན་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་Spain་བོད་ཁང་གི་དབུ་འཛིན་དང་ཡོ་རོབ་ཁུལ་གྱི་བོད་མི་མང་གི་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་ཨེ་ཤེ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། ཡང་ཁོང་གིས་སྲིད་སྐྱོང་མཆོག་ཕྱི་ཚེས་༡༥་ཉིན་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་མཇལ་འཕྲད་གནང་ནས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཞུས་ཡོད་པ་མ་ཟད།  བྷར་སི་ལོ་ཎའི་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་སློབ་ཕྲུག་རྣམས་ལ་བོད་སྐོར་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་དགེ་ལས་སློབ་ཕྲུག་རྣམས་ཀྱིས་དོ་སྣང་ཆེན་པོ་གནང་ཡོད་པ་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།

རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན།  ནོར་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎