སྲིད་སྐྱོང་མཆོག་གིས་ཇར་མ་ནིའི་གྲོང་ཁྱེར་ཕེ་རེངྐ་ཕརྚ་ནང་ཕེབས་ནས་མཛད་རིམ་ཁག་སྐྱོང་བཞིན་པ།

2022.04.23
སྲིད་སྐྱོང་མཆོག་གིས་ཇར་མ་ནིའི་གྲོང་ཁྱེར་ཕེ་རེངྐ་ཕརྚ་ནང་ཕེབས་ནས་མཛད་རིམ་ཁག་སྐྱོང་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་ཇར་མ་ནིའི་གྲོང་ཁྱེར་ Frankfurt ས་གནས་བོད་མི་ཚོས་ཕེབས་བསུ་ཞུས་ཡོད་པ།
བོད་མིའི་སྒྲིག་འཛུགས།

ཕྱི་ཟླ་བཞི་པའི་ཚེས་༢༢ཉིན་གྱི་དགོང་དྲོ་སྲིད་སྐྱོང་མཆོག་ཇར་མ་ནིའི་གྲོང་ཁྱེར་ Frankfurt རུ་ཕེབས་འབྱོར་སྐབས། སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་དང་། ལས་བྱེད་སྐལ་ལྡན་མཚོ་མོ་ལགས། ཇར་མ་ནིའི་བོད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཡེ་ཤེས་ལགས། Frankfurt བོད་རིགས་ཚོགས་པའི་ཚོགས་གཙོ་དབང་མོ་དཀར་མཚོ་ལགས། Frankfurt བོད་ཁང་གི་འབྲེལ་མཐུད་པ་བསྟན་འཛིན་ཐོས་བསམ་ལགས་དང་། དེ་བཞིན་ས་གནས་བོད་མི་དང་ བེལ་ཇམ་དང་སུད་སི་ཁུལ་གྱི་བོད་མི་རྣམས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་གནང་འདུག ཇར་མ་ནི་ནང་ཕེབས་བཞུགས་གནང་བའི་རིང་སྲིད་སྐྱོང་མཆོག་གི་མཛད་རིམ་ཁག་ནི། ཇར་མ་ནིའི་བསམ་མཛོད་བསྟི་གནས་ཁང་གི་ཉམས་ཞིབ་པ་རྣམས་དང་ལྷན་དུ་ཚོགས་འདུར་མཉམ་ཞུགས་གནང་རྒྱུ་མ་ཟད། ཇར་མ་ནིའི་གསར་འགོད་པ་ཁག་ཅིག་དང་མཇལ་འཕྲད། དེ་བཞིན་ཕྱི་ཚེས་༢༣ཉིན་སྲིད་སྐྱོང་མཆོག་གིས་ Frankfurt བོད་ཁང་དུ་ས་གནས་བོད་མི་མང་ཚོགས་དང་མཇལ་འཕྲད་གནང་རྒྱུའི་མཛད་རིམ་འདུག
སྲིད་སྐྱོང་མཆོག་དང་ལྷན་དུ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་དང་། སྲིད་སྐྱོང་སྐུ་སྒེར་གྱི་དྲུང་ཆེ་བསྟན་འཛིན་གསལ་སྒྲོན་ལགས་རྣམ་གཉིས་ཕེབས་ཡོད་པ་རེད། ཕྱི་ཚེས་༢༤ཉིན་སྲིད་སྐྱོང་མཆོག་ཇར་མ་ནིའི་གྲོང་ཁྱེར་ Frankfurt ནས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཕྱོགས་སུ་ཕེབས་ཐོན་གྱིས་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་ནང་ཉིན་གྲངས་ལྔ་ལྷག་ཙམ་རིང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་་པེ་ལོ་སི་མཆོག་དང་ཕྱི་སྲིད་ལྷན་ཁང་དུ་ཨ་རིའི་བོད་དོན་དམིགས་གསལ་འབྲེལ་མཐུད་པ་སོགས་གནད་ཡོད་གཞུང་འབྲེལ་མི་སྣ་ཁག་དང་མཇལ་མོལ་གྱི་མཛད་རིམ་མང་པོ་ཞིག་ཡོད་པ་རེད། །
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎