སློབ་གྲྭའི་རྒན་བདག་ཚོར་ཟབ་སྦྱོང༌།
2013.06.03

བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།
༄༅༎ཕྱི་ཚེས་ ༣ ཉིན་རྡ་སྡེང་བོད་ཁྱིམ་ཞི་བདེ་ཚོགས་ཁང་དུ་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་ཚན་པའི་གོ་སྒྲིག་འོག་བོད་པའི་གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་ཚོར་འགོ་ཁྲིད་ཀྱི་ཟབ་སྦྱོང་ཞིག་དབུ་འཛུགས་གནང་འདུག སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས། བོད་ཁྱིམ་སྤྱི་ཁྱབ་ངེས་སྟོན་པ་རྒན་ཚེ་དབང་ཡེ་ཤེས་ལགས་ཀྱིས་གཙོས་གཏན་ཉིན་སློབ་ཁག་གི་དགེ་རྒན་སྐུ་ཚབ་དང་རྒན་བདག་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༦༠ བརྒལ་བ་ཕེབས་འདུག མདུན་ལམ་སློབ་སྟོན་པ་སྒྲོལ་དཀར་དབང་མོ་ལགས་ཀྱིས་ཟབ་སྦྱོང་གྱི་དམིགས་ཡུལ་ངོ་སྤྲོད་གནང་བ་དང༌། དེ་ནས་ འགོ་ཁྲིད་ཀྱི་ཟབ་སྦྱོང་གནང་མཁན་རྒྱ་གར་བ་སྐུ་ཞབས་(Sanjey Upendram)ཡིས་ཟབ་ཁྲིད་དང་འབྲེལ་བའི་ལས་དོན་སྐོར་གསུང་བཤད་གནང་རྗེས་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་མཆོག་གིས་ལམ་སྟོན་གསུང་བཤད་གནང་ཡོད་པ་རེད།།