སྲིད་སྐྱོང་མཆོག་ནས་ལྕམ་ཨཛ་ར་ཛི་ཡ་དང་མཇལ་མོལ།

2023.02.02
སྲིད་སྐྱོང་མཆོག་ནས་ལྕམ་ཨཛ་ར་ཛི་ཡ་དང་མཇལ་མོལ།
སྒྲིག་བཟོ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབྱིན་ཡུལ་ནང་གི་མཛད་རིམ་ཁག་ལེགས་པར་གྲུབ་རྗེས་ཕྱི་ཚེས་༢ཉིན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨཛ་ར་ཛི་ཡ་(Uzra Zeya)མཆོག་དང་མཇལ་འཕྲད་གནང་ཞིང་།
འདི་ག་རླུང་འཕྲིན་ཁང་ནས་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ཨེན་ཐོ་ནི་ བི་ལིང་ཀིན་ Antony Blinken མཆོག་རྒྱ་ནག་ཏུ་རིང་མིན་ཕྱི་ཟླ་ ༢ ཚེས་ ༥ དང་ ༦ བཅས་ཉིན་གྲངས་གཉིས་རིང་གི་འཚམས་གཟིགས་གནང་གི་ཡོད་པ་དེའི་ཐོག་ལྕམ་ཨཛ་ར་ཛི་ཡ་(Uzra Zeya)མཆོག་དང་གླེང་སློང་བྱུང་ཡོད་མིན་སྐོར་བཀའ་འདྲི་ཞུས་སྐབས་སྲིད་སྐྱོང་མཆོག་གིས་གནད་དོན་འདིའི་ཐོག་དམིགས་བསལ་གྲོས་བསྡུར་བྱུང་མེད་པ་འགྲེལ་བརྗོད་གནང་བྱུང་།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རི་དང་དེ་བཞིན་ཁེ་ཎ་ཌ་གཉིས་ནང་གི་གཞུང་འབྲེལ་ཕྱོགས་ཕེབས་དབུ་འཛུགས་གནང་ཡོད་རེད། ཟླ་བ་འདིའི་ཚེས་༢ནས་༡༧བར་ཨ་རིའི་རྒྱལ་སའི་ནང་གནད་ཡོད་གཞུང་འབྲེལ་མི་སྣ་མཇལ་འཕྲད་དང་དེ་བཞིན་ཨ་རིའི་གྲོང་ཁྱེར་དགུ་ཙམ་གྱི་ནང་ས་གནས་བོད་རིགས་མང་ཚོགས་དང་ཐུག་འཕྲད་སོགས་གནང་རྒྱུ་ཡིན་འདུག
གཞི་རྩའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་(Nancy Pelosi)མཆོག་གིས་གཞུང་འབྲེལ་གྱི་མགྲོན་ཤོག་ཕུལ་བ་ལྟར་ཕྱི་ལོ་༢༠༢༢ཟླ་༤ནང་ཨ་མི་རི་ཀར་གཞུང་འབྲེལ་ཕྱོགས་བསྐྱོད་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨཛ་ར་ཛི་ཡ་(Uzra Zeya)མཆོག་རྣམ་གཉིས་དངོས་སུ་མཇལ་འཕྲད་ཐོག་མ་དེ་གནང་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎