སྲིད་སྐྱོང་མཆོག་དང་ཨ་རིའི་གྲོས་ཚོགས་འཐུས་མི་བར་མཇལ་འཕྲད།


2017.05.25
སྲིད་སྐྱོང་མཆོག་དང་ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་(Nancy Pelosi)མཆོག་གི་དབུས་གྲོས་ཚོགས་འཐུས་མི་དང་མཇལ་འཕྲད་སྐབས། ༢༠༡༧།༥།༢༤ སྲིད་སྐྱོང་མཆོག་དང་ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་(Nancy Pelosi)མཆོག་གི་དབུས་གྲོས་ཚོགས་འཐུས་མི་དང་མཇལ་འཕྲད་སྐབས། ༢༠༡༧།༥།༢༤
sikyong/fb

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་Nancy Pelosi དབུས་པའི་གནད་ཡོད་མི་སྣ་དང་མཇལ་འཕྲད་ཀྱིས་བོད་དོན་ལ་རྒྱབ་སྐྱོར་བསྐྲུན་ཐབས་ཀྱི་ཞུ་སྐུལ་གནང་འདུག
དེ་ཡང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དེང་སྐབས་ཨ་རིར་གཞུང་དོན་ཕྱོགས་ཕེབས་གནང་ཡོད་པ་ལྟར། ཚེས་༢༤ཉིན་སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག་གི་དབུས་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern མཆོག་དང་། Eliot Engel,  Joyce Beatty  མཆོག་བཅས་དང་ལྷན་མཇལ་འཕྲད་གནང་སྟེ། བོད་དོན་དང་འབྲེལ་བའི་ལས་འཆར་ཁག་ལ་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་འདུག་ལ་གྲོས་ཚོགས་ཀྱི་འཐུས་མི་རྣམས་ནས་ཞིབ་ལྷུག་གསན་འཇོག་གནང་བ་མ་ཟད། ལས་འཆར་དེ་དག་ལ་གང་ཐུབ་རོགས་རམ་ཞུ་ཐབས་གནང་རྒྱུ་ཡིན་སྐོར་བཀའ་ལན་མཛད་འདུག
སྲིད་སྐྱོང་མཆོག་ནས་ཨ་རིའི་རྒྱལ་སའི་ཁུལ་དུ་ཚེས་༢༣ནས་༢༥བར་ཉིན་གསུམ་གྱི་མཛད་འཆར་སྐྱོང་གནང་མཛད་བཞིན་པའི་ཁྲོད། ཚེས་༢༣ཉིན་ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་Mike Lee དང་། སྐུ་ཞབས་Orin Hatch རྣམས་གཉིས་དང་མཇལ་འཕྲད་ཀྱིས་ད་ལྟའི་བོད་ནང་གི་གནས་སྟངས་དང་། བོད་རྒྱ་ཞི་མོལ་གྱི་གནས་བབས་གཙོས་པའི་བོད་ཀྱི་གནད་དོན་དུ་མའི་ཐོག་ཞིབ་ཕྲའི་ངོ་སྤྲོད་སྙན་སེང་ཞུས་གནང་འདུག་ལ་གྲོས་ཚོགས་ཀྱི་འཐུས་མི་རྣམས་གཉིས་ནས་བོད་ཀྱི་གནས་སྟངས་ལ་ཐུགས་ཚབས་གསལ་འདོན་གནང་པ་དང་སྦྲགས་བོད་དོན་ལ་རྒྱབ་སྐྱོར་ནན་བརྗོད་གནང་པ་མ་ཟད། བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་ཆེན་པོ་མཆོག་ལ་བརྩི་མཐོང་ཆེན་པོ་ཞུ་ཡི་ཡོད་པ་གསུངས་གནང་འདུག
ཚེས་༢༥ཉིན་སྲིད་སྐྱོང་མཆོག་ནས་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ནས་བོད་དོན་དང་འབྲེལ་བའི་ལས་འཆར་ཁག་ལ་རྒྱབ་སྐྱོར་ཞལ་བཞེས་གནང་ཡོད་པ་དེར་མཇུག་སྣོན་སླད་  གྲོས་ཚོགས་ཀྱི་འཐུས་མིའི་ལས་བྱེད་ཁག་གཅིག་དང་བཀའ་བསྡུར་མཇལ་འཛོམས་གནང་རྒྱུ་ཡིན་འདུག།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎