སྲིད་སྐྱོང་མཆོག་གི་ལས་འཁུར་ལོ་གསུམ་པའི་གཏམ་བཤད།


2014.08.11
སྲིད་སྐྱོང་མཆོག་གི་ལས་འཁུར་ལོ་གསུམ་པའི་མཛད་སྒོའི་སྐབས། སྲིད་སྐྱོང་མཆོག་གི་ལས་འཁུར་ལོ་གསུམ་པའི་མཛད་སྒོའི་སྐབས།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

མངོན་འདོད་མ་བརྗེད་པའི་ཐོག་ནས་བཀའ་ཤག་སྐབས་༡༤པས་དཀའ་ལས་རྒྱག་རྒྱུར་མི་དམངས་ཀྱི་ཕྱར་གྲུ་མཉམ་འདེགས་དགོས་པ་གསུངས་འདུག
ཕྱི་ཟླ་༨ཚེས་༨ཉིན་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པའི་ལས་འཁུར་དམ་འབུལ་གནང་སྟེ་ལོ་གསུམ་ཧྲིལ་པོ་འཁོར་བ་དང་སྟབས་བསྟུན་མཆོད་འབུལ་སྨོན་ལམ་སྐབས་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། དེ་རིང་ང་ཚོ་འདི་གར་འཛོམས་ནས་མཆོད་འབུལ་སྨོན་ལམ་ཚོགས་དགོས་དོན་ནི། གཙོ་བོ་ཤ་ཁྲག་གཅིག་པའི་གཞིས་ལུས་བོད་རིགས་སྤུན་ཟླ་སྤྱི་དང་། ཡང་སྒོས་ད་བར་དུ་བོད་བསྟན་སྲིད་ཆེད་དུ་ཕྱི་ལོ་ཆིོག་སྟོང་དགུ་བརྒྱ་ལྔ༌བཅུ་ང་གྲངས་ནས་རང་སྲོག་བློས་གཏོང་གནང་མཁན་ཁོང་རྣམ་པས་དབུས་འབྲེལ་ཡོད་ནང་མི། དམིགས་བསལ་རང་ལུས་མེར་སྲེག་གཏོང་མཁན་༡༣༠བྱུང་ཡོད་ཁོངས་ནས་༡༡༢འདས་གྲོངས་སུ་གྱུར་བ་རྣམ་པའི་ནང་མི་སོགས་ཀྱི་ཆེད་དུ་མཆོད་འབུལ་སྨོན་ལམ་འཚོགས་བཞིན་ཡོད་ཙང་། ཚང་མས་ཐུགས་སྨོན་གནང་རོགས་ཞུ་རྒྱུ་ཡིན། དེ་བཞིན་རང་ལུས་མེར་སྲེག་གཏོང་མཁན་རྣམ་པས་གཙོས་དུས་ད་ལྟ་བར་དུ་བོད་བསྟན་སྲིད་ཆེད་དུ་སྐུ་ལས་སྐྱོན་མཁན་ཚོའི་མངོན་འདོད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་དང་། བོད་མིར་རང་དབང་བསྐྱར་གསོ་དགོས་པ་རྣམས་ཆགས་ཡོད། ཁོང་རྣམ་པའི་མངོན་འདོད་མ་བརྗེད་པའི་ཐོག་ནས་བཀའ་ཤག་སྐབས་༡༤པས་དཀའ་ལས་རྒྱག་རྒྱུས་མཚོན་མི་དམངས་ནས་ཀྱང་ཕྱར་གྲུ་མཉམ་འདེགས་ཐོག་རྒྱབ་སྐྱོར་མུ་མཐུད་ནས་གནང་རོགས་ཞུ་རྒྱུ་ཡིན་ཞེས་གསུངས་འདུག
ཡང་སྲིད་སྐྱོང་མཆོག་གིས་དབུ་མའི་ལམ་གྱི་སྐོར་གསུང་དོན། སྤྱིར་བཏང་བཀའ་ཤག་སྐབས་ ༡༤པས་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་ཆེད་ཕྱི་ཟླ་༦ཚེས་༥ ཉིན་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་བྱས་པ་གཞིར་བཟུང་རྒྱལ་སྤྱིའི་ཐོག་སྙན་གྲགས་ཆེ་བའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཉེ་བའི་ལོ་རྒྱུས་ནང་ཁྱབ་བསྒྲགས་ཤུགས་ཆེ་ཤོས་ཕྱིན་ཡོད། དབུ་མའི་ལམ་གྱི་སྐོར་ལ་གོ་རྟོགས་སྤེལ་དགོས་དོན་ནི། ཕྱག་རོགས་བཀའ་བློན་རྣམ་པ་དང་གྲོས་ཚོགས་ཀྱི་ཚོགས་མི་རྣམ་པ། དེ་བཞིན་སྲིད་སྐྱོང་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་མང་དག་ཅིག་ནང་བསྐྱོད་སྐབས། མང་པོ་ཞིག་གིས་དབུ་མའི་ལམ་གྱི་སྐོར་ཤེས་ཀྱི་འདུག་ཀྱང་ཁག་གཅིག་གིས་ཤེས་ཀྱི་མི་འདུག ང་ཚོས་བློ་འཚབ་བྱེད་དགོས་དོན་ནི། དབུ་མའི་ལམ་ལ་གོ་བ་ལོག་པར་ལེན་པའི་ཐོག་ནས་འགྲེལ་བཤད་ལོག་པ་རྒྱག་མཁན་མང་པོ་ཞིག་ཡོང་གི་འདུག དེ་དག་ནི་རྒྱ་ནག་གཞུང་གིས་དབུ་མའི་ལམ་ལ་འགྲེལ་བཤད་ལོག་པ་བརྒྱབ་པར་བརྟེན་ནས་བྱུང་བ་ཞིག་ཆགས་ཡོད་སྟབས་ང་ཚོའི་ངོས་ནས་དབུ་མའི་ལམ་གང་འདྲ་ཞིག་ཡིན་མིན་གོ་རྟོགས་སྤེལ་བ་བརྒྱུད་ནས་ཤེས་པ་བཟོ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ལྷག་པར་དབུ་མའི་ལམ་གྱི་དྲ་རྒྱའི་ནང་བོད་རྒྱ་དབྱིན་གསུམ་གཙོ་བོར་གྱུར་བའི་ཇར་མན་དང་། ཕ་རན་སི། ཨི་ཊ་ལི།སེ་པན་བཅས་ཡིག་རིགས་ཁག་བདུན་ཐོག་ལྟ་ཐུབ་པ་བཟོས་ཡོད་པ་སོགས་གསུང་འདུག
གསར་འགོད་པ་ཚེ་བརྟན་རྡོ་རྗེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎