སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལི་ཐུ་ཝེ་ནི་ཡའི་རྒྱལ་སར་ཕེབས་འདུག
2019.05.07
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ལི་ཐུ་ཝེ་ནི་ཡའི་ནང་གཞུང་དོན་འཚམས་གཟིགས་གནང་བཞིན་པ་རེད།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་(Lithuania)རྒྱལ་ས་ཝིན་ནིའུསེ་(Vilnius)ནང་ཕེབས་ནས། ཕྱི་ཚེས་ ༦ གཟའ་ཟླ་བའི་ཉིན། སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་ཡུལ་དེའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ནང་གསར་འགོད་ལྷན་ཚོགས་བསྐྱངས་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་དེ་སྔ་ཕྱི་ལོ་༡༩༩༡ལོར་ཨུ་རུ་སུ་ནས་རང་བཙན་ཐོབ་རྗེས་ཡུལ་དེའི་སྲིད་འཛིན་ཆེས་ཐོག་མ་གནང་མཁན་སྐུ་ཞབས་(Vytautas Landsbergis)མཆོག་ཀྱང་ཕེབས་འདུག སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ལི་ཐུ་ནི་ཡ་གཙོས་པའི་དེ་སྔ་ཨུ་རུ་སུའི་དམར་ཤོག་ཚོཊ་པའི་འོག་དཀའ་སྡུག་མྱང་བ་དང་། བོད་ནང་གི་ཉམས་མྱོང་བཅས་བ་གཅིག་མཚུངས་ཡིན་ལུཊ་འགྲེལ་བརྗོད་དང་སྦྲགས་རྒྱལ་ཁབ་དེ་དག་གིས་རྒྱལ་སྤྱིའི་ཐོག་བོད་དོན་ལ་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་གནང་འདུག
སྲིད་སྐྱོང་མཆོག་གིས། གལ་སྲིད་ཁྱེད་ཚོས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་། དམངས་གཙོར་རྒྱབ་སྐྱོར་གནང་གི་ཡོད་ན། བོད་དོན་ལ་རྒྱབ་སྐྱོར་ངེས་བར་དུ་གནང་དགོས་ཀྱི་རེད་ཅེས་གསུངས་འདུག ཉིན་དེའི་ཕྱི་དྲོ་ཝིལ་ནིའུསེ་སྲིད་ཇུས་ཉམས་ཞིབ་ཁང་གི་ཆབ་སྲིད་སློབ་དཔོན་(Sarunas Liekis)ལགས་ཀྱིས་གོ་སྒྲིག་ཞུས་པའི་འདུ་འཛོམས་ཐོག་སྲིད་སྐྱོང་མཆོག་གིས། ཡོ་རོབ་ནང་རྒྱ་ནག་གི་ས་བབ་སྲིད་ཇུས་དང་། བོད་ཅེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་འདུག
ལིཐ་ནིའུསེ་ནང་གཟིགས་སྐོར་མཇུག་སྒྲིལ་རྗེས་སྲིད་སྐྱོང་མཆོག་ལཐ་ཝི་ཡར་ཕེབས་གནང་གིས་རྒྱལ་ས་རི་གྷར་(Riga) རྒྱལ་སྤྱིའི་གྲོས་ཚོཊ་བོད་དོན་རྒྱབ་སྐྱོར་ཚོཊ་པའི་ཚོཊ་ཆེན་བདུན་པའི་ཐོག་ལྷན་ཞུགས་གནང་རྒྱུ་ཡིན་འདུག