བོད་ཀྱི་དཀའ་རྙོག་སེལ་ཐབས་ལ་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ།


2017.05.01
ནིའུ་ཛ་ལན་ཊིNZHeraldབརྙན་འཕྲིན་ཁང་གི་བཅར་འདྲིའི་སྐབས། ༢༠༡༧།༥།༡ ནིའུ་ཛ་ལན་ཊིNZHeraldབརྙན་འཕྲིན་ཁང་གི་བཅར་འདྲིའི་སྐབས། ༢༠༡༧།༥།༡
NZHerald

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་དབུ་མའི་ལམ་གྱི་ཐབས་ལམ་ཐོག་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་ནིའུ་ཛ་ལན་ཊི་མི་མང་ངོས་ནས་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་ཞུས་གནང་འདུག
དེ་ཡང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཐོག་མར་ཨོ་སི་ཀྲོ་ལི་ཡ་དང་། དེ་ནས་ཚེས་༣༠་ཉིན་ནིའུ་ཛ་ལན་ཊི་ནང་གཞུང་དོན་འཚམས་གཟིགས་ཕེབས་འབྱོར་བྱུང་ཡོད་པ་མ་ཟད། ཁུལ་དེའི་ New Zealand Herald སོགས་གསར་འགྱུར་བརྒྱུད་ལམ་ཁག་གི་བཅར་འདྲི་དང་ལེན་སྐབས། ནིའུ་ཛ་ལན་ཊི་དེ་སྔ་རྒྱལ་ཁབ་གཞན་གྱི་རྒྱབ་སྐྱོར་ཐོག་ནས་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་གཞི་རྩའི་རང་དབང་ཡོང་ཐབས་གནང་ཡོད་པ་ལྟར། ང་ཚོའི་ངོས་ནས་ཀྱང་བོད་ནང་རང་སྐྱོང་གི་གནས་བབ་ཅིག་དང་། བོད་མི་ཚོར་གཞི་རྩའི་ཐོབ་ཐང་ཡོང་ཐབས་སུ་རྩོད་ལེན་བྱེད་ཀྱི་ཡོད། ངོས་རང་འདིར་ཡོང་ནས་མི་དམངས་ཀྱི་རྒྱབ་སྐྱོར་འཚོལ་ཐབས་བྱེད་བཞིན་ཡོད་པས་ནིའུ་ཛ་ལན་ཊི་མི་མང་རྣམས་ནས་ང་ཚོར་རྒྱབ་སྐྱོར་གནང་རོགས་གནང་ཞེས་འབོད་སྐུལ་ཞུས་འདུག
དེ་དང་ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་བོད་ནང་གི་གནས་སྟངས་སྤྱི་དང་། ལྷག་པར་དུ་ད་ལྟའི་དུས་ཚོད་འདིར་གསེར་རྟ་བླ་རུང་སྒར་ལ་ཆ་བཞག་ན་རྒྱ་ནག་གཞུང་ནས་ནང་ཆོས་སློབ་གཉེར་ཁང་དེའི་ནང་དགེ་འདུན་དང་བཙུན་མ་ཆིག་ཁྲི་ཉིས་སྟོང་ཙམ་ཡོད་པ་ནས་ལྔ་སྟོང་མ་གཏོགས་ཆོས་སྒར་ནང་སྡོད་མི་ཆོག་པའི་བཙན་བཀའ་བཏང་ནས་དགེ་བཙུན་རྣམས་ཕྱིར་འབུད་དང་མ་འོངས་པར་བསྐྱར་དུ་ལོག་མི་ཆོག་པ། གྲྭ་ཤག་གཏོར་བཤིག་བཏང་བ་སོགས་ཀྱི་གནས་སྟངས་མི་བཟོད་པར་བཙུན་མ་འགའ་ཤས་རང་སྲོག་བཅད་པའི་གནས་ཚུལ་བྱུང་ཡོད་པ་བཅས་གང་ལྟར་རྒྱ་ནག་གཞུང་ནས་བོད་ནང་གི་བོད་མི་ཚོར་སྡུག་སྦྱོང་ཚད་མེད་བཏང་དང་གཏོང་བཞིན་པའི་དཀའ་སྡུག་ལ་བཟོད་མེད་ཀྱིས། ད་བར་སྔ་རྗེས་སུ་བོད་མི་ཁྱོན་བསྡོམས་༡༤༨་ཙམ་ནས་རང་ལུས་མེར་སྲེགས་བཏང་བའི་གནས་ཚུལ་བྱུང་ཡོད་པ་སོགས་ངོ་སྤྲོད་གནང་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་དབུ་མའི་ལམ་གྱི་ཐབས་ལམ་གྱི་ཐོག་ནས་རྒྱ་ནག་གཞུང་དང་གྲོས་མོལ་གནང་རྒྱུ་ནི་གལ་ཆེན་པོར་ངོས་འཛིན་གནང་གི་ཡོད་པའི་སྐོར་གསུངས་འདུག
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་New Zealand དུ་ཉིན་བཞིའི་རིང་གི་མཚམས་གཟིགས་རིང་། ཡུལ་དེའི་གྲོང་ཁྱེར་ Auckland དང་། Dunedin བཅས་ཀྱི་ནང་མི་དམངས་ལ་གཏམ་བཤད་གནང་རྒྱུ་དང་། དེ་བཞིན་གྲོས་ཚོགས་ཀྱི་ཆབ་སྲིད་མི་སྣ་དང་མཇལ་འཕྲད་གནང་རྒྱུ་སོགས་ཀྱི་མཛད་འཆར་ཡོད་འདུག།

གསར་འགོད་པ་རིག་འཛིན་ཆོས་སྒྲོན་དང་། གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎