སྲིད་སྐྱོང་མཆོག་གིས་བོད་མིའི་ཚབ་བྱས་ནས་ཐུགས་གསོ་གནང་བ།


2015.08.20
རྒྱ་གར་གྱི་སྲིད་འཛིན་ཟུར་བPranab Mukherjeeཡི་སྐུ་ཟླ་ལྕམ་སུར་ཝ་མུ་ཁཱར་ཇི་Suvra Mukherjeeཡི་ཉེ་པར། རྒྱ་གར་གྱི་སྲིད་འཛིན་ཟུར་བPranab Mukherjeeཡི་སྐུ་ཟླ་ལྕམ་སུར་ཝ་མུ་ཁཱར་ཇི་Suvra Mukherjeeཡི་ཉེ་པར།
དྲ་བཤུས།

སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་པརཱ་ནཝ་མུ་ཁཱར་ཇིའི་སྐུ་ཟླ་ཚེ་མ་ཟིན་བར་ཐུཊ་གསོའི་འཚམས་འཕྲིན་གནང་བ།
དེ་ཡང་གནས་ཚུལ་ལྟར་ན། རྒྱ་གར་སྲིད་འཛིན་Pranab Mukherjeeཡི་སྐུ་ཟླ་ལྕམ་སུར་ཝ་མུ་ཁཱར་ཇི་Suvra Mukherjeeརྒྱུན་རིང་ནད་མནར་གྱི་འོག་ཕྱི་ཟླ་བརྒྱད་པའི་ཚེས་༡༨ཉིན་སྐུ་གཤེགས་པ་དང་། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གནང་པའི་གསུང་འཕྲིན་གྱི་ནང་། ལྕམ་སུར་ཝ་མུ་ཁཱར་ཇི་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཤེས་རྟོགས་བྱུང་བར་ཧ་ཅང་གི་བློ་ཕམ་བྱུང་ཞེས་དང་། ཁོང་ནི་ཕུལ་བྱུང་གི་གཞས་མ་ཞིག་དང་། རི་མོ་བ། རྩོམ་པ་པོ་ཞིག་ཡིན་ལ། དེ་ལས་ལྷག་པ་ཁོང་གི་ཁྱད་ཆོས་གཙོ་བོ་ནི་སྐུ་ཉིད་ཀྱི་སྤྱི་ཚོགས་ཞབས་ཞུའི་ཆོད་སེམས་དེ་ཡིན་པས། ཁོང་ནི་རྒྱབ་སྐྱོར་གྱི་འབྱུང་རྩ་ཡིན་པར་གུས་བརྩི་ཆེན་པོ་ཞུ་བཞིན་ཡོད་ཅེས་དང་།
ཁོང་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་དུས་ཚོད་འདིའི་སྐབས། ངས་དབུས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་རྫོགས་ཀྱི་ཚབ་ཞུས་སྟེ་ཁྱེད་དང་ཁྱེད་ཀྱི་ནང་མི་སྐུ་འཁོར་ཡོངས་ལ་སྙིང་ཐག་པ་ནས་ཐུགས་གསོ་དང་། གདུང་སེམས་མཉམ་སྐྱེ་ཞུ་གི་ཡོད་ཅེས་འཁོད་འདུག

གསར་འགོད་པ་འཇམ་དཔལ་ཕུན་ཚོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎