སྲིད་སྐྱོང་མཆོག་གིས་རྒྱ་གར་རིག་གཞུང་བློན་ཆེན་དང་མཇལ་འཕྲད།


2017.04.28
སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་རྒྱ་གར་གྱི་རིག་གཞུང་བློན་ཆེན་མ་ཧེཤ་ཤརྨ་( Shri. MaheshSharma)མཆོག་རྣམ་གཉིས་མཇལ་འཕྲད་གནང་སྐབས། ༢༠༡༧།༤།༢༦ སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་རྒྱ་གར་གྱི་རིག་གཞུང་བློན་ཆེན་མ་ཧེཤ་ཤརྨ་( Shri. MaheshSharma)མཆོག་རྣམ་གཉིས་མཇལ་འཕྲད་གནང་སྐབས། ༢༠༡༧།༤།༢༦
tibet.net

སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ལྡི་ལིའི་ནང་གི་ལས་དོན་ཁག་གྲུབ་ནས་ཨོ་སི་ཀྲོ་ལི་ཡར་ཕྱོགས་ཕེབས་གནང་འདུག
དེ་ཡང་འདི་ཚེས་༢༦ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱ་གར་གྱི་རིག་གཞུང་བློན་ཆེན་མ་ཧེཤ་ཤརྨ་( Shri. MaheshSharma)མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། མཇལ་འཕྲད་སྐབས་བོད་མིའི་སྒྲིག་འཛུཊ་ཀྱི་ཆོས་རིག་ལས་ཁུངས་དང་རྒྱ་གར་དབུས་གཞུང་གི་རིག་གཞུང་ལྷན་ཁང་དབར་འབྲེལ་ལམ་དམ་ཟབ་ཡོང་སླད་ཀྱི་ལས་གཞི་སྤེལ་ཕྱོགས་སྐོར་བཀའ་བསྡུར་གནང་འདུག
སྲིད་སྐྱོང་གི་ལྷན་དུ་ཆོས་རིག་ལས་ཁུངས་ཀྱི་དྲུང་འཕར་ཀརྨ་དགྲ་འདུལ་ལཊ་དང་། དྲུང་ལས་བསྟན་འཛིན་ཟླ་སྒྲོན་ལགས་རྣམ་གཉིས་ལྷན་བཅར་གྱིས་རྒྱ་གར་དང་བོད་གཉིས་དབར་སྔར་གྱི་རིག་གཞུང་འབྲེལ་ལམ་སྤྱི་དང་། ལྷག་དོན་དུ་དཔལ་ནཱ་ལེནྜའི་ཆོས་བརྒྱུད་གཞིར་བཟུང་བོད་བརྒྱུད་ནང་བསྟན་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་ཡོང་སླད་གོ་བསྡུར་ལྷུག་པོ་གནང་བ་དང་ཆབས་ཅིག སྲིད་སྐྱོང་མཆོག་གིས་བློན་ཆེན་མ་ཧེཤ་ཤརྨ་མཆོག་ལ་ཉེ་ལམ་ཕྱི་ཟླ་གསུམ་པའི་ནང་རྒྱལ་པོའི་ཁབ་(Rajgir)ཏུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གདན་ཞུས་ཀྱིས་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་བསྐོངས་ཚོགས་གནང་བར་བསྔགས་བརྗོད་དང་སྦྲགས་རྒྱ་གར་ནང་བོད་པའི་དགོན་སྡེ་ཁག་ ༢༦༢ ནང་སློབ་གཉེར་གནང་བཞིན་པའི་དགེ་འདུན་པ་གྲངས་ ༣༥༠༠༠ དང་བཙུན་མ་གྲངས་ ༦༠༠༠ ལྷག་ཡོད་པའི་ཁོངས་ནས་བརྒྱ་ཆ་༦༧་༥ཧི་མ་ལ་ཡའི་རི་རྒྱུད་ཀྱི་རྒྱ་གར་མི་སེར་ཡིན་སྐོར་ངོ་སྤྲོད་གནང་པ་དང་སྦྲགས།  རྒྱ་གར་དབུས་གཞུང་གི་ལས་འཆར་བརྒྱུད་དགོན་སྡེ་ཁག་ལ་མཐུན་འགྱུར་རོགས་རམ་གང་མང་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་པར་བློན་ཆེན་མཆོག་གིས་གནད་དོན་དེ་དག་ཐོག་ངེས་པར་དུ་དགོངས་བཞེས་གནང་རྒྱུའི་ཞལ་བཞེས་གནང་འདུག
སྲིད་སྐྱོང་མཆོག་ལྡི་ལིར་བཞུགས་རིང་རྒྱ་གར་གྱི་གནད་ཡོད་མི་སྣ་དང་མཁས་དབང་ཁག་གཅིག་དང་མཇལ་འཕྲད་དང་། (India Foundation Dialogue)ཞེས་པའི་བགྲོ་གླེང་ཚོགས་འདུར་མཉམ་ཞུགས་གནང་འདུག
ཕྱི་ཟླ་ ༤ ཚེས་ ༢༠ ཉིན་ཨོ་སི་ཊེ་རི་ལི་ཡ་ Australia དང་ནིའུ་ཛི་ལེནཌ་ཁུལ་དུ་བདུན་ཕྲག་གཅིག་རིང་གཞུང་འབྲེལ་ཕྱོགས་ཕེབས་ཆེད་ཕེབས་གནང་གིས། ཨའོསི་ཊེ་རི་ལི་ཡར་ཕེབས་འབྱོར་གནང་ཡོད་པ་རེད།
སྤྱིར་སྲིད་སྐྱོང་མཆོག་ཡུལ་དེའི་ Brisbane གྲོང་ཁྱེར་ནང་བོད་ཀྱི་དུས་སྟོན་ཐེངས་ ༩པ་སྲུང་བརྩིའི་མཛད་སྒོའི་ཐོག་ཕེབས་པ་ཞིག་ཡིན་ཞིང་། མགྲོན་འབོད་ཞུ་མཁན་བོད་རིགས་གཞས་པ་བསྟན་འཛིན་ཆོས་རྒྱལ་ལགས་རེད་འདུག
ཕྱི་ཚེས་ ༢༩ ཉིན་སྲིད་སྐྱོང་མཆོག་གིས་ཨོ་སི་ཀྲོ་ལི་ཡ་ Australia ་རྒྱལ་ཡོངས་བརྙན་འཕྲིན་ཁང་གི་ལས་རིམ་གཙོ་སྐྱོང་བ་སྐུ་ཞབས་Paul Barclayལྷན་བགྲོ་གླེང་གནང་རྒྱུ་དང། ཉིན་རྒྱབ་ཏུ་སྲིད་སྐྱོང་མཆོག་གིས་ཡུལ་དེའི་གསར་འགྱུར་བརྙན་འཕྲིན་དང་། རླུང་འཕྲིན། དེ་བཞིན་གསར་ཤོག་ཁག་གི་གསར་འགོད་པ་སོགས་དང་མཇལ་འཕྲད་ཀྱིས་བོད་དོན་དང་འབྲེལ་བའི་དྲི་བར་ལན་འདེབས་གནང་རྒྱུ་ཡིན་འདུག་ལ། ཨོསི་ཊེ་རི་ལི་ཡའི་ནང་ཞུགས་རིང་བོད་ཀྱི་ད་ལྟའི་གནས་བབས་དང་། དུས་རབས་ཉེར་གཅིག་པའི་ནང་བོད་མིའི་འཐབ་རྩོད། བོད་ཀྱི་ཆབ་སྲིད་དང་ཁོར་ཡུག། རིག་གཞུང་བཅས་ལ་འཕྲད་བཞིན་པའི་དཀའ་ངལ་སོགས་བརྗོད་གཞི་མི་འདྲ་བའི་ཐོག་གསུང་བཤད་གནང་རྒྱུ་ཡིན་པ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག ཕྱི་ཚེས་ ༣༠ ཉིན་ནིའུ་ཛེ་ལེནཌ་ཡུལ་གྲུར་ཕེབས་ཐོན་གནང་རྒྱུ་ཡིན་འདུག

གསར་འགོད་པ་ཀརྨ་རྒྱ་མཚོ་དང་། རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎