སྲིད་སྐྱོང་མཆོག་གིས་ཕིན་ལེནཌ་(Finland)ཡི་གཞུང་འཛིན་མི་སྣ་དང་གྲོས་ཚོགས་འཐུས་མི་སོགས་དང་མཇལ་འཕྲད་གནང་།

2024.01.27
སྲིད་སྐྱོང་མཆོག་གིས་ཕིན་ལེནཌ་(Finland)ཡི་གཞུང་འཛིན་མི་སྣ་དང་གྲོས་ཚོགས་འཐུས་མི་སོགས་དང་མཇལ་འཕྲད་གནང་། སྲིད་སྐྱོང་མཆོག་གིས་ཕིན་ལེནཌ་(Finland)ཡི་གཞུང་འཛིན་མི་སྣ་དང་གྲོས་ཚོགས་འཐུས་མི་སོགས་དང་མཇལ་འཕྲད་གནང་།
སྲིད་སྐྱོང་མཆོག་གི་ངོ་དེབ།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་Finland ཡི་རྒྱལ་ས་Helsinki ནང་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཏེ་Finlandགྱི་གཞུང་འཛིན་མི་སྣ་དང་གྲོས་ཚོགས་འཐུས་མི་སོགས་མཇལ་འཕྲད་གནང་སྟེ་ཉིན་གཅིག་གི་Finlandནང་གི་འཚམས་གཟིགས་ལེགས་པར་མཇུག་སྒྲིལ་གནང་འདུག དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་བློ་བཟང་ཆོས་སྒྲོན་ལགས་ཀྱིས་ངོ་སྤྲོད་གནང་དོན་ལ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕྱི་ཟླ་དང་པོའི་ཚེས་༢༦རེས་གཟའ་པ་སངས་ཉིན་Finland རུ་ཕེབས་འབྱོར་གྱིས་Finland ནང་བོད་དོན་ལ་སྨན་པའི་ཕྱག་ལས་རྣམས་ལམ་ལྷོང་ལྡན་པ་བྱུང་ཡོད་པ་དང་། སྲིད་སྐྱོང་མཆོག་Finland  ནང་དུ་གཞུང་དོན་འཚམས་གཟིགས་གནང་བ་ཐེངས་དང་པོ་ཡིན་པ་རེད།

422887073_709006058030516_7929524971891609407_n.jpg

སྲིད་སྐྱོང་མཆོག་དང་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་བསོད་རྣམས་ཕར་སི་ལགས་རྣམ་གཉིས་Finland གྱི་རྒྱལ་ས་Helsinki ནང་ཕེབས་འབྱོར་སྐབས་Finland ཡི་བོད་དོན་རྒྱབ་སྐྱོར་ཚོགས་པ་སྟེ་TSG ཡི་ཚོགས་གཙོ་Erja Varis ནས་དགའ་བསུ་ཞུས་གནང་བ་དང་། དེ་རྗེས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་འདི་གའི་གཞུང་གི་གནད་ཡོད་མི་སྣ། དེ་བཞིན་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Inka Hopsu མཆོག་དང་། ལྕམ་སྐུ་ Maria Ohisalo མཆོག དེ་བཞིན་འབྲེལ་ཡོད་ཚོགས་སྡེ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ལས་བྱེད་ཁག་ཅིག་དང་ཉམས་ཞིབ་པ་སོགས་ལྷན་དུ་མཇལ་མོལ་གནང་ཡོད་པ་རེད།    

422935306_709006124697176_4755664044653870583_n.jpg

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཐོག་མར་ཕྱི་ཚེས་༢༥ ནས་ཕྱི་ཟླ་༢ཚེས་༡ བར་Estonia དང་Latvia, Lithuania བཅས་Baltic རྒྱ་མཚོ་ཁུལ་གྱི་རྒྱལ་ཁབ་གསུམ་དང།Finland བཅས་དང་། དེ་རྗེས་ཕྱི་ཟླ་གཉིས་པའི་ཚེས་༡ ནས་༣ བར་དབྱིན་ཡུལ་དུ་གཞུང་དོན་ཕྱོགས་ཕེབས་གནང་རྒྱུ་ཡིན་པ་རེད། སྲིད་སྐྱོང་མཆོག་དབྱིན་ཡུལ་ནང་ཕྱི་ཟླ་གཉིས་པའི་ཚེས་༡ ནས་༣ བར་འཚམས་གཟིགས་གནང་རྒྱུ་ཡིན་པ་དང་། གཙོ་བོ་Warwick Economic Summit འམ་Warwick དཔལ་འབྱོར་ལྷན་ཚོགས་ཀྱིས་གདན་ཞུ་ཕུལ་བ་ལྟར་Warwick གཙུག་ལག་སློབ་ཆེན་གྱི་ལོ་འཁོར་ལྷན་ཚོགས་སུ་བོད་དོན་སྐོར་གསུང་བཤད་གནང་རྒྱུ་དང་།

ད་དུང་སྲིད་སྐྱོང་མཆོག་གིས་དབྱིན་ཡུལ་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་ཐུགས་འཕྲད་གནང་གི་ཡོད་པ་རེད།

དེ་རྗེས་སྲིད་སྐྱོང་མཆོག་Brussels དུ་ཕེབས་ཐོན་གྱིས་དེར་བོད་མི་རྣམས་དང་ཐུགས་འཕྲད་ཀྱི་མཛད་རིམ་གྲུབ་པའི་རྗེས་རྒྱ་གར་དུ་ཕྱིར་ཕེབས་གནང་སྟེ།རྒྱ་གར་ལྷོ་ཕྱོགས་Kollega དོན་ལྡན་གླིང་བོད་མིའི་གཞིས་ཆགས་བཙུགས་ནས་ལོ་ངོ་༥༠ འཁོར་བའི་མཛད་སྒོར་ཕེབས་འཆར་འདུག།

གསར་འགོད་པ། གཡུ་སྒྲོན།

རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎