སྲིད་སྐྱོང་མཆོག་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིར་བསྐོ་གཞག


2015.09.17
ལུས་སེམས་སྲོག་གི་བགྲོ་གླེང་མཇུག་སྒྲིལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག
བོད་མིའི་སྒྲིག་འཛུགས་ཀྱི་ངོ་དེབ།

༄༅།    །དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རྒྱ་གར་རྒྱལ་ཡོངས་སློབ་ཕྲུག་གྲོས་ཚོགས་ཞེས་པའི་སྒྲིག་འཛུགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིར་བསྐོ་གཞག་བྱུང་འདུག  དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་གྱི་སྐད་ནང་ Bharatiya Chaatra Sansand འམ་རྒྱ་གར་རྒྱལ་ཡོངས་སློབ་ཕྲུག་གྲོས་ཚོགས་ཞེས་པའི་སྒྲིག་འཛུགས་དེ་བཞིན་ཕྱི་ལོ་ ༢༠༡༡ ལོར་སྐུ་ཞབས་ Rahul V Karad ཞེས་པས་ཆེད་འཛུགས་གནང་བ་ཞིག་ཡིན་པ་དང༌། སྒྲིག་འཛུགས་དེ་ཡིས་རྒྱ་གར་གྱི་ན་གཞོན་སློབ་ཕྲུག་ཚོའི་ནང་མང་གཙོའི་འགྲོ་ལུགས་ཀྱི་གོ་རྟོག་སྤེལ་བ་དང་ཆབས་ཅིག་གཞོན་སྐྱེས་ཚོས་ཆབ་སྲིད་ཚོགས་པ་ཁག་གི་ནང་འཛུལ་བཞུགས་ཀྱིས་སྤྱི་ཚོགས་ཀྱི་ཞབས་འདེགས་སྒྲུབ་དགོས་པའི་སྐུལ་སློང་གནང་མཁན་ཞིག་ཡིན་ཞིང༌། ད་ལྟའི་ཆར་སྒྲིག་འཛུགས་དེའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་རྒྱ་གར་ནུབ་ཕྱོགས་ Gujurat མངའ་སྡེའི་རིག་རྩལ་དང་མཐོ་རིམ་ཤེས་ཡོན་བློན་ཆེན་སྐུ་ཞབས་ Raesh Tope དང༌། རྩེད་རིགས་དང་ན་གཞོན་ལས་དོན་བློན་ཆེན་སྐུ་ཞབས་ Padmakar Valvi། རྒྱ་གར་དབུས་འོས་བསྡུ་ལྷན་ཁང་གི་འགན་འཛིན་བཅུ་པ་སྐུ་ཞབས་ TN Seshan། མེས་པོ་དམ་པ་གྷན་དྷིའི་ཐེབས་རྩ་ཁང་གི་འགན་འཛིན་སྐུ་ཞབས་ Tushar Gandhi། རྒྱ་གར་སྲིད་བློན་ལས་ཁུངས་ཀྱི་དྲུང་ཆེ་ཟུར་པ་སྐུ་ཞབས་ Sudheendra Kulkarni། ཨིན་ཇིའི་སྦི་སྦི་སི་གསར་འགྱུར་ལས་ཁང་གི་གསར་འགོད་པ་ཟུར་པ་སྐུ་ཞབས་ Mark Tully བཅས་ཡོད་མུས་ཐོག་ད་ལམ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་བསྐོ་གཞག་གནང་ཡོད་པ་ དང༌། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འདི་ལོའི་ཕྱི་ཟླ་དང་པོའི་ནང་སྒྲིག་ འཛུགས་དེ་ཡི་རྒྱལ་ཡོངས་ཚོགས་ཆེན་ཐེངས་ལྔ་པ་རྒྱ་གར་གྲོང་ཁྱེར་ Pune ནང་སྐོང་འཚོགས་གནང་བའི་ཐོག་མིའི་སྤྱི་ཚོགས་ནང་ཆོས་ཀྱི་ཕན་ཐོགས་དང་གནོད་ཚབས་ཇི་འདྲ་བཟོ་ཡི་ཡོད་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་རེད།


གསར་འགོད་པ་ངག་དབང་ཆོས་འཕེལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎