སྲིད་སྐྱོང་དང་ཚོཊ་གཙོ་གཉིས་ཀྱིས་རྡོག་རྩ་ཆིག་སྒྲིལ་གྱི་འབོད་སྐུལ།


2016.04.07
སྲིད་སྐྱོང་དང་ཚོཊ་གཙོ་རྣམ་གཉིས་ཀྱིས་གསར་འགོད་ལྷན་ཚོགས་སྐབས། ༢༠༡༦།༤།༧ སྲིད་སྐྱོང་དང་ཚོཊ་གཙོ་རྣམ་གཉིས་ཀྱིས་གསར་འགོད་ལྷན་ཚོགས་སྐབས། ༢༠༡༦།༤།༧
བསྟན་འཛིན་དོན་ཡོད།/RFA

༧གོང་ས་མཆོག་ལྷ་དགོངས་དྭངས་བའི་མཇལ་ཁ་སྙན་སེང་ཞུས་ཡོད་པ་ངང་སྒུག་གིས་རིམ་པས་དགོངས་སེལ་ཞུ་རྒྱུ་གསུངས་བ
བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་སྲིད་སྐྱོང་རྣམ་གཉིས་ཀྱིས་མང་ཚོགས་ལ་དགོངས་སེལ་ཞུས་པ་དང་སྦྲགས་རྡོག་རྩ་ཆིག་སྒྲིལ་གནང་དགོས་པའི་འབོད་སྐུལ་དང་མཉམ་༧གོང་ས་མཆོག་ལྷ་དགོངས་དྭངས་བའི་མཇལ་ཁ་སྙན་སེང་ཞུས་ཡོད་པ་ངང་སྒུག་གིས་རིམ་པས་དགོངས་སེལ་ཞུ་རྒྱུ་གསུངས་གནང་ཡོད་འདུག
དེ་ཡང་དེ་རིང་ཕྱི་ཟླ་བཞི་པའི་ཚེས་༧་ཉིན་བཞུགས་སྒར་རྡ་རམ་ས་ལར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་རྣམ་གཉིས་ནས་གསར་འགོད་ལྷན་ཚོགས་བསྐོངས་ཚོགས་གནང་བའི་སྐབས་གནད་དོན་མང་པོ་ཞིག་ཐོག་གསུངས་པའི་ནང་གཙོ་བོ་། ཉེ་ཆར་བོད་ཀྱི་སྨན་རྩིས་ཁང་ནས་དུས་དྲན་གསུམ་འཛོམས་སྲུང་བརྩི་ཞུ་བའི་མཛད་སྒོའི་ཐོག་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། བོད་མིའི་སྤྱི་ཚོགས་ནང་བཟང་སྤྱོད་ཉམས་རྒུད་འགྲོ་གི་ཡོད་པ་དང་། དེ་བཞིན་བོད་མིའི་འཕྲོད་བསྟེན་གྱི་གནས་སྟངས་ཐོག་ལྟ་རྟོགས་ཡག་པོ་བྱུང་མེད་པར་འཐུས་ཤོར་ཆེན་པོ་བཏང་ཡོད་པ་སོགས་ཐུགས་ཕམ་པའི་སྣང་ཚུལ་གསལ་པོ་བཀའ་གནང་བ་དང་།
ཡང་ཉིན་ཤས་གོང་ཆོས་སྐྱོང་སྲུང་མ་སྤྱན་འདྲེན་སྐབས་སུའང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐུགས་ཕམ་བྱུང་བའི་གནད་དོན་དང་མང་ཚོགས་ནས་རྡོག་རྩ་ཆིག་སྒྲིལ་མེད་པའི་རྣམ་པ་ཡོད་ལུགས་སོགས་བཀའ་ལུང་ཕེབས་པ་བཅས་ལ་བརྟེན་འདི་ལྟབུའི་བཀའ་ཕེབས་དགོས་དོན་རྒྱུ་རྐྱེན་གཅིག་ནི། ཉེ་ཆར་རྒྱལ་ཡོངས་འོས་བསྡུའི་སྐབས་ཀྱི་བྱ་སྤྱོད་ཐོག་ནས་ཡིན་སྟབས། ཁོང་རྣམ་གཉིས་ཐད་ཀར་འབྲེལ་བ་ཡོད་པའི་ཆ་ནས་ད་རེས་གསར་འགོད་ལྷན་ཚོགས་འདི་བརྒྱུད་ནས་གཙོ་བོ་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལྷ་དགོངས་དྭངས་བའི་མཇལ་ཁ་སྙན་སེང་ཞུས་ཡོད་པ་ངང་སྒུག་གིས་རིམ་པས་དགོངས་སེལ་ཞུ་རྒྱུ་དང་། དེ་བཞིན་མང་ཚོགས་ལའང་འོས་བསྡུའི་ལས་དོན་འབྲེལ་བའི་སྐོར་བློ་འཚབ་སྐྱེས་གཞི་ཆགས་ཡོད་པར་དགོངས་སེལ་ཞུས་པ་དང་སྦྲགས། སླད་ཕྱིན་མང་ཚོགས་ཚང་མས་རྡོག་རྩ་ཆིག་སྒྲིལ་བྱེད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་གནང་ཡོད་པ་རེད། དེ་ཡང་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ནས། འོས་བསྡུའི་ལས་དོན་སྐབས་འོས་མི་སུར་རྒྱབ་སྐྱོར་བྱས་ཡོད་ཀྱང་། ད་ཆ་འོས་བསྡུའི་ལས་རིམ་གྲུབ་པ་ཡིན་དུས་ཚང་མས་དགྲ་དགའ་གཉེན་སྡུག་གི་ལས་ཀ་མི་བྱེད་པར་༧གོང་ས་མཆོག་གི་བཀའ་བསྒྲུབ་རྒྱུ་དང་། བོད་དོན་བདེན་མཐའ་སེལ་ཐབས་ཆེད་ཚང་མས་འཕྱར་གྲུ་མཉམ་རུབ་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག
དེ་དང་ཕྱོགས་མཚུངས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་། དགོངས་སེལ་ཞུས་པ་དང་སྦྲགས་༧གོང་ས་མཆོག་གིས་ཉེ་ཆར་ཐུགས་ཕམ་གྱི་བཀའ་སློབ་གནང་བ་རྣམས་སྙིང་བཅངས་ཀྱི་ཐོག་ནས། མ་འོངས་པར་བོད་མིའི་འཕྲོད་བསྟེན་ཡར་རྒྱས་གཏོང་རྒྱུས་མཚོན་ལས་དོན་རིགས་སྔར་ལས་ལྷག་པའི་ཡག་ཏུ་གཏོང་ཐབས་སུ་འཆར་གཞི་གཏིང་གནང་ཡོད་ཅེས་གསུངས་ཏེ་གང་ལྟར་ཁོང་རྣམ་གཉིས་ནས་གཞིས་བྱེས་གཉིས་ཀའི་བོད་མིའི་མངོན་འདོད་འགྲུབ་ཐབས་སུ་ད་ནས་བཟུང་ཆིག་སྒྲིལ་གྱི་ནུས་པ་སྤུངས་དགོས་རྒྱུའི་འབོད་སྐུལ་གནང་ཡོད་འདུག

གསར་འགོད་པ་རིག་འཛིན་ཆོས་སྒྲོན།
ཞིབ་ཕྲ་འདི་གའི་གསར་འགོད་པ་ཨྱོན་བསྟན་འཛིན་ལགས་ཀྱིས་བཞུགས་སྒར་ནས་བཏང་བའི་གནས་ཚུལ་ལ་གསན་རོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎