སྲིད་སྐྱོང་མཆོག་གིས་ཉི་ཧོང་གྲོས་ཚོཊ་ནང་གཏམ་བཤད་གནང་འདུག


2017.02.15
སྲིད་སྐྱོང་མཆོག་གིས་ཉི་ཧོང་གྲོས་ཚོགས་ནང་གཏམ་བཤད་གནང་སྐབས། ༢༠༡༧།༢།༡༤ སྲིད་སྐྱོང་མཆོག་གིས་ཉི་ཧོང་གྲོས་ཚོགས་ནང་གཏམ་བཤད་གནང་སྐབས། ༢༠༡༧།༢།༡༤
sikyong/FB

སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་ཉི་ཧོང་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་དང་མཇལ་འཕྲད་གནང་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སངྒེ་ལགས་ཀྱིས་ཕྱི་ཟླ་ ༢ ཚེས་ ༡༤ ཉིན་གྲོས་ཚོགས་ཀྱི་འཐུས་མི་གཙོ་བོར་གྱུར་བའི་ཉི་ཧོང་གི་ཕྱི་འབྲེལ་སྲིད་བྱུས་སློབ་སྟོན་པ་སོགས་གནད་ཡོད་མི་སྣ་ ༧༠ ལྷག་ཙམ་ལ་གསུང་བཤད་གནང་འདུག། སྐབས་དེར་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་ཉེ་ཆར་ཉེ་ཧོང་གྲོས་ཚོགས་ནང་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་སྣེ་མང་ལས་གྲུབ་པའི་འཐུས་མི་ ༨༧ ཅན་གྱི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་གསར་ཏུ་བཙུགས་ཐུབ་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། འདི་ནི་བོད་ནང་དཀའ་སྡུག་མྱོང་བཞིན་པའི་བོད་མི་ཚོར་རེ་བ་དང་སྙིང་སྟོབས་སྤེལ་རྒྱུའི་བརྡ་ལན་ཞིག་སྤྲད་ངེས་ཡིན་ཞེས་གསུངས་བཞགའདུག།  
ཚོགས་འདུ་དེའི་ཐོག་ཕེབས་པ་ཉེ་ཧོང་གི་ཤེས་རིག་བློན་ཆེན་ཟུར་པ་དང་ད་ལྟའི་ཉི་ཧོང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་Shimomura Hakubun ལགས་ཀྱིས་རྒྱལ་སྤྱིའི་སྟེང་བོད་ཀྱི་ནང་པའི་རིག་གཞུང་དར་ཁྱབ་འགྲོ་བཞིན་ཡོད་པ་དང་། བོད་ཀྱི་རིག་གཞུང་ནི་གོ་ལའི་རྕོད་རྙོག་གི་དཀའ་ངལ་སེལ་སླད་ཕན་ཐོགས་ཡོད་པ་ཞིག་ཡིན་སྟབས་ངེས་པར་དུ་མི་ཉམས་རྒྱུན་འཛིན་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས་ཅེས་གསུངས་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎