སྲིད་སྐྱོང་གིས་འཕཊ་བོད་ལག་ཤེས་འགྲེམས་སྟོན་ཐོག་གཏམ་བཤད།


2015.01.15
སྲིད་སྐྱོང་གིས་འཕཊ་བོད་ལག་ཤེས་བཟོ་བཀོད་འགྲེམས་སྟོན་ཐོག་གཏམ་བཤད་གནང་བཞིན་པ། ༢༠༡༥།༡།༡༥ སྲིད་སྐྱོང་གིས་འཕཊ་བོད་ལག་ཤེས་བཟོ་བཀོད་འགྲེམས་སྟོན་ཐོག་གཏམ་བཤད་གནང་བཞིན་པ། ༢༠༡༥།༡།༡༥
tibet.net

བོད་མི་རྣམས་ཀྱིས་དུས་རྟག་ཏུ་རྒྱ་གར་གཞུང་དམངས་གཉིས་ཀྱི་བཀའ་དྲིན་བསམ་ཤེས་བྱེད་ཀྱི་ཡོད་པ་སོགས་གསུངས་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པའི་ནང་། ཕྱི་ཟླ་དང་པོའི་ཚེས་༡༥ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱས་པའི་Dilli Haatཞེས་པའི་ས་གནས་སུ་རྒྱ་གར་དང་བོད་ཀྱི་གནའ་རབས་དང་དེང་དུས་ཀྱི་ལག་ཤེས་བཟོ་སྐྲུན་བྱས་པའི་དངོས་རྫས་འགྲེམས་སྟོན་ཐེངས་༢༩པ་མཇུག་སྒྲིལ་མཛད་སྒོའི་སྐུ་མགྲོན་གཙོ་བོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་མགྲོན་འབོད་ལྟར་ཆེད་ཕེབས་ཀྱིས་གསུང་བཤད་གནང་ཡོད་པའི་ནང་། རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་རྗེས་༧གོང་ས་མཆོག་གིས་དབུས་པའི་བོད་མི་སྟོང་ཕྲག་མང་པོ་རྒྱ་གར་དུ་བྲོས་བྱོལ་དུ་འབྱོར་ནས། སྐབས་དེར་རྒྱ་གར་གཞུང་མང་གཉིས་ཀས་བོད་མི་སྐྱབས་བཅོལ་བ་རྣམས་ལ་མཐུན་འགྱུར་རོགས་རམ་ཤུགས་ཆེ་གནང་ཡོད་པ་དང་། བོད་མི་སྐྱབས་བཅོལ་བ་མང་ཤོས་རྒྱ་གར་དུ་གནས་སྡོད་བྱེད་བཞིན་ཡོད་པའི་ཁར་བོད་མིའི་སྒྲིག་འཛུགས་དེ་ཡང་རྒྱ་གར་ནང་འགོ་ཚུགས་ཡོད་པས། དེར་བརྟེན་བོད་མི་རྣམས་ཀྱིས་དུས་རྟག་ཏུ་རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་བསམ་ཤེས་བྱེད་ཀྱི་ཡོད་པ་སོགས་གསུང་བཤད་གནང་འདུག
འདི་ལོའི་འགྲེམས་སྟོན་གྱི་བརྗོད་གཞི་གཙོ་བོ་ནི་འཕགས་བོད་གཉིས་དབར་ལག་ཤེས་བཟོ་བཀོད་ཀྱི་སྒྱུ་རྩལ་བརྗེ་ལེན་བྱ་རྒྱུ་ཡིན་པ་དང་། བོད་ལ་མཚོན་ན་མི་རབས་ནས་མི་རབས་རྒྱུད་དཀའ་ངལ་ཁྱད་བསད་ཀྱིས་ཐོག་ནས་ཡར་རྒྱས་བྱུང་བའི་ལག་ཤེས་སྒྱུ་རྩལ་དཔེར་ན། ཆོས་རྫས་དང་། དངོས་རྫས་རིགས་སོགས་འགྲེམས་སྟོན་བྱ་རྒྱུའི་གོ་སྐབས་ཐོབ་ཡོད་པ་མ་ཟད། རྒྱ་གར་ལ་མཚོན་ན་ཐེངས་འདིར་རྒྱ་གར་གྲོང་གསེབ་དང་གྲོང་ཁྱེར་སོགས་ནས་ལག་ཤེས་བཟོ་བཀོད་པ་མི་གྲངས་༡༩༠ཙམ་གྱིས་སྒྱུ་རྩལ་འགྲེམས་སྟོན་བྱ་རྒྱུ་གོ་སྐབས་ཐོབ་པ་བྱུང་ཡོད་འདུག

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎