སྲིད་སྐྱོང་མཆོག་གིས་བོད་དོན་སེལ་ཐབས་ཀྱི་གཏམ་བཤད།


2014.12.01
ཨ་རིའི་གྲོང་ཁྱེར་མེ་ཌི་སན་Daneརྫོང་སྡེ་ལས་ཁུངས་ཀྱི་གནད་ཡོད་མི་སྣ་དང་མཇལ་སྐབས། ༢༠༡༤།༡༢།༡ ཨ་རིའི་གྲོང་ཁྱེར་མེ་ཌི་སན་Daneརྫོང་སྡེ་ལས་ཁུངས་ཀྱི་གནད་ཡོད་མི་སྣ་དང་མཇལ་སྐབས། ༢༠༡༤།༡༢།༡
OOT

སྲིད་སྐྱོང་མཆོག་གིས་ཨ་རིའི་མ་ཌེ་སན་ནང་གི་གཙུག་ལག་སློབ་གྲ་ཆེན་མོའི་ནང་བོད་དོན་སེལ་ཐབས་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་རྒྱུ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕྱི་ཟླ་༡༡་པའི་ཚེས་༣༠་རེས་གཟའ་ཉི་མའི་ཉིན་ཨ་རིའི་དབུས་ཀྱི་མངའ་སྡེ་Wisconsonགྱི་གྲོང་ཁྱེར་མེ་ཌི་སན་ནང་ཕེབས་འབྱོར་བྱུང་བ་དང་། ཉིན་དེའི་ཕྱི་དྲོའི་ཕྱག་ཚོད་༤་པ་ཙམ་ལ་མ་ཌི་སན་གནམ་ཐང་ལ་ཕེབས་འབྱོར་བྱུང་མ་ཐག་ཕྱག་ཚོད་༥་ཐོག་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་རྣམས་ལ་བཀའ་སློབ་གསུངས་བཤད་གནང་འདུག དེ་རིང་ཕྱི་ཟླ་༡༢་པའི་ཚེས་༡་གཟའ་ཟླ་བའི་སྔ་དྲོའི་ཕྱག་ཚོད་༡༠་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གྲོང་ཁྱེར་མ་ཌི་སན་ནང་ཡོད་པའི་University of Wisconson-Madisonཝི་སི་ཀོན་སོན་གཙུག་ལག་སློབ་གྲ་ཆེན་མོའི་Deluca Forum, Wisconson Institute for Discoveryཞེས་ཌེ་ལུ་ཀ་གླེང་སྟེགས་ཚོགས་ཁང་ཆེན་མོའི་ནང་བོད་དོན་སེལ་ཐབས་ཀྱི་བརྗོད་གཞིའི་ཐོག་གསུང་བཤད་གནང་འཆར་འདུག རྩ་བའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལ་ནས་ཕྱི་ཟླ་༡༡་པའི་ཚེས་༡༩་ཉིན་ཕེབས་ཐོན་གནང་སྟེ་ཨ་མེ་རི་ཀ་དང་། ཁ་ན་ཌའི་ནང་ཕྱི་ཚེས་༢༡་ནས་ཕྱི་ཟླ་༡༢་པའི་ཚེས་༧་བར་འཚམས་གཟིགས་ལ་ཕེབས་པ་ལྟར་ཁ་ན་ཌའི་གྲོང་ཁྱེར་Halifaxནང་རྒྱལ་སྤྱིའི་བདེ་འཇགས་སྲུང་སྐྱོབ་ཀྱི་ཆེས་མཐོའི་ལྷན་ཚོགས་ཐོག་ལྷན་བཞུགས་གནང་སྟེ་བོད་དོན་དང་འབྲེལ་བའི་གསུང་བཤད་གནང་བ་དང་། དེ་ནས་རིམ་བཞིན་ཁ་ནཌའི་གྲོང་ཁྱེར་Montrealདང་Ottawa བཅས་ནང་གནས་བཞུགས་བོད་མི་རྣམས་དང་མཇལ་འཕྲད་གསུངས་བཤད་གནང་འདུག་ལ་དེའི་རྗེས་སུ་ཨ་རིའི་བྱང་ཕྱོགས་མངའ་སྡེ་ཝར་མན་དྲ་ནང་ཆེད་ཕེབས་གནང་སྟེ་ས་གནས་བོད་མི་རྣམས་ལ་གསུང་བཤད་གནང་འདུག གོང་ཞུས་ལྟར་དེ་རིང་སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོང་ཁྱེར་མ་ཌི་སན་ནང་གི་ཝིས་ཀོན་སན་གཙུག་ལག་སློབ་གྲ་ཆེན་མོའི་ནང་གསུང་བཤད་གནང་རྒྱུ་དང་། དེ་ནས་ཨ་རིའི་མངའ་སྡེ་New Mexicoདང་དེ་རྗེས་ཨ་རིའི་ཤར་ཕྱོགས་གྲོང་ཁྱེར་བྷོསུ་ཀྲོན་ནང་ཕེབས་འཆར་འདུག

གསར་འགོད་པ་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎