ཉེན་རྟོག་པས་མེ་མདའ་བརྒྱབ་ནས་བོད་མི་གཉིས་ལ་རྨས་སྐྱོན།

རྒྱ་མིའི་ཉེན་རྟོག་མི་སྣས་མེ་མདའ་བརྒྱབ་ནས་བོད་མི་གཉིས་ལ་རྨས་སྐྱོན་བཟོས་པ་མ་ཟད་བོད་མི་འགའ་ཤས་འཇུ་བཟུང་བཀག་ཉར་བྱས་སྐོར།

2011.10.18

༄༅༎བོད་མདོ་ཁམས་དཀར་མཛེས་ཁུལ་གྱི་གསེར་རྟ་རྫོང་ཁོངས་ཁེ་སྐོར་ཤང་གི་རྒྱ་མིའི་ཉེན་རྟོག་པའི་ལས་ཁུངས་མདུན་ལ་ཕྱི་ཚེས་༡༦་ཉིན་བོད་མི་བདུན་གྱིས་རྒྱ་ནག་གཞུང་གི་བཙན་དབང་ལ་ངོ་རྒོལ་གནང་སྐབས་རྒྱ་མིའི་ཉེན་རྟོག་མི་སྣས་མེ་མདའ་བརྒྱབ་ནས་བོད་མི་གཉིས་ལ་རྨས་སྐྱོན་བཟོས་པ་མ་ཟད་ བོད་མི་འགའ་ཤས་འཇུ་བཟུང་བཀག་ཉར་བྱས་སྐོར་རྒྱ་གར་ལྷོ་ཕྱོཌ་རྣམ་གྲོལ་གླིང་ནས་ཚུལ་ཁྲིམས་ནོར་བུ་ལགས་ཀྱིས་གནས་ཚུལ་ངོ་སྤྲོད་གནང་འདུག ཁོང་གིས་མུ་མཐུད་ནས་གསུངས་དོན་ལྟར་ན་འདི་ཟླའི་ཚེས་༡༥་སྟེ་གཟའ་སྤེན་པའི་ཉིན་གསེར་རྟ་ཁེ་སྐོར་ཤང་ཐོག་བོད་ཀྱི་རྒྱལ་དར་འཕྱར་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་འབོད་ཚིག་འཁོད་པའི་ཡིག་ཆ་མང་པོ་ཁེ་སྐོར་ཤང་ནང་ཐོན་འདུག་ལ་ ཡང་ཕྱི་ཚེས་༡༦ཉིན་བོད་མི་བདུན་གྱིས་ཁེ་སྐོར་ཤང་རྒྱ་ནག་གཞུང་གི་ཉེན་རྟོག་པའི་ལས་ཁུངས་མདུན་ངོ་རྒོལ་གནང་སྟེ་བོད་ལ་རང་དབང་དགོས་ ༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས་པ་སོཌ་སྐད་འབོད་གནང་བར་བརྟེན་ནས་རྒྱ་མིའི་ཉེན་རྟོག་མི་སྣས་ཁོང་རྣམས་འཇུ་བཟུང་གིས་བཙན་འཁྲིད་བྱས་འདུག་ རྒྱ་ནག་གཞུང་གིས་བཙན་དབང་ལ་ངོ་རྒོལ་གནང་མཁན་བོད་མི་བདུན་པོ་དེ་རྣམས་ནི་ཁེ་སྐོར་ཤང་ཚེ་ཤུལ་སྡེ་བ་ནས་བོད་མི་གསུམ་དང་མགོ་མཆོག་སྡེ་བ་ནས་བོད་མི་གཉིས་ རྟ་ཤུལ་སྡེ་བ་ནས་བོད་མི་གཅིག་དང་ཡང་ས་གནས་གང་ནས་ཡིན་མིན་གསལ་ཁ་མེད་པ་ནས་བོད་མི་གཅིག་བཅས་ཡིན་པ་རེད་ དེའི་རྗེས་སུ་འབྲེལ་ཡོད་བོད་མི་ཁག་གཅིག་གིས་རྒྱ་མིའི་ཉེན་རྟོག་མི་སྣས་འཛིན་བཟུང་བྱས་པའི་བོད་མི་རྣམས་གློད་བཀྲོལ་གཏོང་རོགས་ཞེས་ཞུ་བ་འཐེན་དུ་བསྐྱོད་སྐབས་ རྒྱ་མིའི་ཉེན་རྟོག་པས་ཁོང་རྣམས་ལ་ཡ་ལན་མ་བྱས་པའི་རྐྱེན་གྱིས་ཕན་ཚུན་རྩོད་གླེང་ཤོར་དུས་རྒྱ་མིའི་ཉེན་རྟོག་པས་མེ་མདའ་བརྒྱབ་སྟེ་ཞུ་བ་འཐེན་མཁན་བོད་མི་གཉིས་ལ་རྨས་སྐྱོན་བཏང་འདུག་  ད་ལྟའི་ཆར་ཤང་ཐོག་ཏུ་རྒྱ་ནག་གཞུང་གིས་རྒྱ་མིའི་ཉེན་རྟོག་མི་སྣ་ཇེ་མང་དུ་བཏང་སྟེ་དམ་བསྒྲཌ་བྱེད་ཤུཌ་ཆེ་རུ་བཏང་ཡོད་པ་དང་གསེར་རྟ་རྫོང་ཁོངས་ལ་ཁ་པར་སོཌ་བརྒྱུད་ནས་འབྲེལ་བ་ཞུ་རྒྱུར་དཀའ་ངལ་ཡོད་སྟབས་གནས་ཚུལ་ཁ་གསལ་རག་གི་མིན་འདུག་ཅེས་རྒྱ་གར་ལྷོ་ཕྱོཌ་རྣམ་སྒྲོལ་གླིང་ནས་ཚུལ་ཁྲིམས་ནོར་བུ་ལཌ་ཀྱིས་འགྲེལ་བརྗོད་གནང་འདུག༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎