བརྩེ་བའི་འགལ་རྐྱེན་ནི་ཆོག་ཤེས་མེད་པ་ནས་ཡོང་གི་ཡོད།


2014.04.14
༢༠༡༤།༤་ཚེས་༡༤་ཉིན་ཀོ་ཡ་སན་གཙུག་ལག་སློབ་གྲ་ཆེན་མོའི་ནང་༧གོང་ས་མཆོག་གིས་གསུང་ཆོས་གནང་སྐབས། ༢༠༡༤།༤་ཚེས་༡༤་ཉིན་ཀོ་ཡ་སན་གཙུག་ལག་སློབ་གྲ་ཆེན་མོའི་ནང་༧གོང་ས་མཆོག་གིས་གསུང་ཆོས་གནང་སྐབས།
པར། སྐུ་སྒེར་དྲ་བ།

༧གོང་ས་མཆོག་གིས་ཉི་ཧོང་གི་དད་ལྡན་མང་ཚོཊ་སྟོང་ཚོ་མང་པོར་གསུང་ཆོས་དང་རྣམ་སྣང་སྔོ་ལྗང་གི་བཀའ་དབང་སྩལ་གནང་མཛད་འདུག

དེ་ཡང་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་༡༣ཉིན་ཉི་ཧོང་གི་Shingon ནང་པའི་ཆོས་བརྒྱུད་ཀྱི་ལྟེ་གནས་Koyasanལ་གནས་གཟིཌ་གནང་བ་དང་། སྤྱི་ཚེས་༡༤་ཉིན་ཀོ་ཡ་སན་གཙུག་ལག་སློབ་གྲ་ཆེན་མོའི་ཚོཊ་ཁང་ཆེན་མོའི་ནང་དད་ལྡན་མང་ཚོཊ་སྟོང་ཚོ་མང་པོར་གསུང་ཆོས་དང་། རྣམ་སྣང་སྔོ་ལྗང་གི་བཀའ་དབང་སོཊ་སྩལ་གནང་མཛད་འདུག སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ Koyasan ལ་ཡོད་པའི་Kongobuiདགོན་པར་གནས་གཟིཊ་ཕེབས་པ་ད་རེས་ཐེངས་གསུམ་པ་ཡིན་པ་དང་། དགོན་པའི་མཁན་རིན་པོ་ཆེ་དབུས་པའི་དགེ་འདུན་པ་དང་། དད་ལྡན་མང་ཚོཌ་རྣམས་ཀྱིས་དགའ་དད་སྤྲོ་གསུམ་ངང་ནས་གུས་བསུའི་སྣེ་ལེན་ཞུས་པར་ཐུཊ་རྗེ་ཆེ་ཞུའི་གསུང་བཤང་གནང་སྒྲུབ་པའི་རྗེས་སུ་འཛམ་གླིང་ནང་གི་ཆོས་བརྒྱུད་ནང་པ་དང་། གཅེར་བུ་བ། ཡེ་ཤུ། ཁ་ཆེ་སོཊ་ཆོས་བརྒྱུད་ཁག་དར་ཚུལ་སྐོར་བཀའ་སྩལ་བ་དང་། ཆོས་བརྒྱུད་ཚང་མས་བྱམས་བརྩེ་དགོས་པའི་བསླབ་བྱ་སྐྱོན་གྱི་ཡོད་པ་དང་། བྱམས་བརྩེ་ཉམས་ལེན་ཡག་པོ་ཞིག་ཡོང་བར་དེའི་འགལ་རྐྱེན་ཞེ་སྡང་གིས་བྱེད་ཀྱི་ཡོད་པར་བརྟེན་བཟོད་པའི་ཉམས་ལེན་བྱེད་རྒྱུ་དང་། འཁོན་འཛིན་མི་བྱེད་རྒྱུ། དེ་བཞིན་གཞན་ལ་བརྩེ་བ་ཡོང་རྒྱུའི་འགལ་རྐྱེན་གཞན་ཞིག་ནི་སོ་སོའི་ཁེ་ཕན་ཁོ་ནར་བསམ་བློ་བཏང་ནས་ཆོག་ཤེས་མ་བྱས་པར་བརྟེན་ནས་ཡོང་གི་ཡོད་སྟབས་ཆོག་ཤེས་དང་། ཚུལ་ཁྲིམས་སྲུང་རྒྱུ་ཆོས་བརྒྱུད་ཚང་མས་གསུངས་ཀྱི་ཡོད་སྐོར་བཀའ་སྩལ་གནང་བ་དང་། དེ་ནས་བདེན་བཞིའི་སྐོར་གསུང་ཆོས་སྩལ་གནང་མཛད་འདུག ༧གོང་ས་མཆོག་གིས་ཚེས་༡༥་ཉིན་Koyasan གཙུག་ལག་སློབ་གྲ་ཆེན་མོའི་ནང་དུས་རབས་༢༡་པའི་ནང་ཆོས་ལུཌ་དང་ཡ་རབས་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་མང་ཚོཊ་ལ་བཀའ་སློབ་སྩལ་རྒྱུ་དང་། ཕྱི་ཟླ་༥་པའི་ཚེས་༥་དང་༦་ཉིན་གཉིས་རིང་༧གོང་ས་མཆོག་ཡོ་རོབ་ཁུལ་གྱི་རྒྱལ་ཁབ་Lativaའི་ནང་ཆིབས་བསྒྱུར་བཀྲིན་བསྐྱངས་གནང་གིས་མང་ཚོཊ་ལ་ཤེས་རབ་སྙིང་པོ་དང་། རྒྱལ་སྲས་ལག་ལེན་སོ་བདུན་མའི་གསུང་ཆོས་སྩལ་གནང་མཛད་འཆར་འདུག

གསུངས་ཆོས་སྐབས་ཀྱི་དད་ལྡན་པ།
གསུངས་ཆོས་སྐབས་ཀྱི་དད་ལྡན་པ།
གསར་འགོད་བསོད་ནམ་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎