ཐེ་ཝན་དུ་རྒྱང་རྒྱུགས་ཆེན་མོའི་དང་བོད་དོན་ངོ་སྤྲོད།

ཐེ་ཝན་ཤར་ཕྱོགས་ཁུལ་དུ་རྒྱང་རྒྱུགས་འགྲན་ཚོགས་ཆེན་མོ་སྤེལ་སྐབས་ཁུལ་དེའི་རྒྱལ་སྤྱིའི་སློབ་ཕྲུག་བོད་དོན་རྒྱབ་སྐྱོར་ཚོགས་པས་མཉམ་ཞུགས་གནང་ནས་བོད་དོན་སྐོར་ངོ་སྤྲོད་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་འདུག

2012.11.05

བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། ལོ་ལྟར་ཐེ་ཝན་ཤར་ཕྱོགས་ཁུལ་དུ་(TAROKO MARATHON)ཞེས་པའི་རྒྱང་རྒྱུགས་འགྲན་ཚོགས་ཆེན་མོ་སྤེལ་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༡༢ ལོའི་རྒྱང་རྒྱུགས་འགྲན་ཚོགས་དེ་བཞིན་ཕྱི་ཟླ་ ༡༡ ཚེས་ ༣ རེས་གཟའ་སྤེན་པ་ཉིན་ཚོགས་ཡོད་པ་དང་། ཐེ་ཝན་གྱི་ཡུལ་མི་གཙོས་རྒྱལ་ཁབ་གྲངས་ ༢༨ ནས་ཕེབས་པའི་ལུས་རྩལ་བ་ཁྱོན་མི་གྲངས་ཆིག་ཁྲི་བརྒལ་བས་རྒྱང་རྒྱུགས་ཆེན་མོའི་ནང་མཉམ་ཞུགས་གནང་ཡོད་པ་དང་། དེའི་ཁྲོད་སློབ་ཕྲུག་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་སོགས་མི་གྲངས་བཅུ་ཙམ་གྱིས་གདོང་པར་བོད་ཀྱི་རྒྱལ་དར་བྲིས་པ་དང་། ལུས་སྟེང་དང་ལག་ཐོག་ཏུ་བོད་ཀྱི་རྒྱལ་དར་དང་། བོད་ཀྱི་མཚོན་རྟགས་གཡག་གི་འདྲ་གཟུགས་སོགས་འཁྱེར་ཏེ་འགྲན་བསྡུར་ནང་མཉམ་ཞུགས་གནང་བ་ཙམ་མ་ཟད། སྡིངས་ཆའི་སྟེང་ལངས་ཏེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ངོ་སྤྲོད་གནང་ཡོད་འདུག་།  སློབ་ཕྲུག་ལིན་ཞུ་བ་པུས་མོ་་ནད་པ་ཡིན་པའི་རྐྱེན་གྱིས་འགྲན་རྒྱུགས་ཆ་ཚང་ནང་ཞུགས་མ་ཐུབ་ཀྱང་། ཁོང་གིས་ངའི་རེ་བར་ལོ་རྗེས་མར་འབད་བརྩོན་བྱ་རྒྱུའི་སེམས་ཤུགས་ཡོད། རྒྱུ་མཚན་ནི་བོད་ནང་གི་བོད་མིས་རང་གི་མངོན་འདོད་མཚོན་ཆེད་ཉེས་རྡུང་དང་། བཙོན་འཇུག གཅེས་པའི་ལུས་སྲོག་ཚུན་བློས་གཏོང་ཐུབ་ཀྱི་ཡོད་པས། ངོས་རང་གི་ལུས་པོའི་རྔུལ་ཆུ་དང་ངལ་བ་ནི་གང་ཡང་མ་རེད་ཅེས་གསུང་འདུག

ཐེངས་འདིའི་འགྲན་ཚོགས་ནང་རྒྱལ་སྤྱིའི་སློབ་ཕྲུག་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཆས་གོས་སོགས་ལ་དོ་སྣང་བྱེད་ཡུལ་དུ་གྱུར་བ་མ་ཟད། གསར་འགྱུར་བརྒྱུད་ལམ་ཐོག་དམིགས་བསལ་བཀོད་ཐོན་བྱུང་འདུག་ལ།  ལྷག་པར་དུ་ཐེངས་འདིའི་འགྲན་ཚོགས་ནང་སློབ་ཕྲུག་བོད་དོན་རྒྱབ་སྐྱོར་ཚོགས་པར་སྤྱི་ཡོངས་ཀྱི་ཆས་གོས་དམིགས་བསལ་གྱི་བྱ་དགའ་ཨང་དང་པོ་ཡང་ཐོབ་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎