བལ་ཡུལ་ཉེན་རྟོག་པས་བོད་མི་འཛིན་བཟུང་བྱས་ཡོད་པ།

བལ་ཡུལ་གྱི་ཉེན་རྟོག་པས་ཞི་བའི་ངོ་རྒོལ་བྱ་རྒྱུའི་ཐབས་ཤེས་གནང་མཁན་བོད་མི་བདུན་ཅུ་ཙམ་ཞིག་འཛིན་བཟུང་བྱས་འདུག

2008.04.30

༄༅༎ད་རིང་བལ་ཡུལ་གྱི་རྒྱལ་ས་ཀཊ་མན་དྲུའི་ནང་། རྒྱ་མིའི་གཞུང་ཚབ་ཁང་མདུན་དུ་ཞི་བའི་ངོ་རྒོལ་བྱ་རྒྱུའི་ཐབས་ཤེས་

གནང་མཁན་བོད་མི་ཉུང་མཐར ༧༠ ཙམ་ཞིག་བལ་པོའི་ཉེན་རྟོག་པས་འཛིན་བཟུང་བྱས་འདུག

མིང་འདོན་གནང་འདོད་མེད་པའི་བལ་ཡུལ་གྱི་ཉེན་རྟོག་པ་ཞིག་གིས་ཕ་རེན་སི་གསར་ལས་ཁང་ལ། བོད་མི་ ༧༠ ་ཙམ་ཞིག་འཛིན་བཟུང་བྱས་ཡོད་པ་དེ་དག ད་རིང་དགོང་དྲོ་གློད་འགྲོལ་གཏང་རྒྱུ་ཡིན་སྐོར་འགྲེལ་བརྗོད་བྱས་འདུག བོད་པའི་བཙུན་མ་འགའ་ཤས་ཐེ་པའི་ངོ་རྒོལ་གནང་མཁན་བོད་མི་ཚོས་རྒྱ་མིའི་གཞུང་ཚབ་ཁང་གི་ཕྱོགས་སུ་ལག་ཏུ་རྒྱ་སེ་མེ་ཏོག་དཀར་པོ་དང་དམར་པོ་བསྣམས་ནས་ཕེབས་སྐབས་ཉེན་རྟོག་པས་བཀག་འགོག་བྱས་ཡོད་ནའང༌། ཞི་བའི་ངོ་རྒོལ་གནང་མཁན་ཁག་ཅིག་རྒྱ་མིའི་གཞུང་ཚབ་ཁང་གི་རྒྱལ་སྒོ་བར་འབྱོར་ཐུབ་ཡོད་པ་དང༌། ཁོང་རྣམ་པས་གཞུང་ཚབ་ཁང་གི་རྒྱལ་སྒོའི་མདུན་དུ་མེ་ཏོག་རྒྱ་སེ་བཞག་གནང་བ་དང་ཆབས་ཅིག འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་དང་གསར་འགོད་རང་དབང་ཐོག་དམ་བསྒྲགས་བྱེད་མཁན་རྒྱ་ནག་གཞུང་ནད་མནར་ལས་དྲག་སྐྱེས་ཡོང་བ་ཤོག་ཅེས་པའི་བརྡ་འཕྲིན་ཞིག་ཀྱང་བཞག་གནང་ཡོད་པ་རེད། ངོ་རྒོལ་གནང་མཁན་གྱི་གྲས་ནས་བོད་རིགས་བསོད་ནམས་ཞུ་བས་ང་ཚོར་འཚེ་བ་མི་དགོས། རྒྱུ་མཚན་དེར་བརྟེན་ང་ཚོས་རྒྱ་ནག་གི་དཔོན་རིགས་ལ་མེ་ཏོག་ཕུལ་བ་ཡོང་བ་ཡིན་ཞེས་གསུངས་ཡོད་པ་དང་། ཡང་བོད་རིཊ་པདྨ་་ཞུ་མཁན་ཞིག་གིས་ང་ཚོ་རྒྱ་ནག་གི་དགྲ་མིན་པ་དང་བོད་ནང་ཞི་བདེ་དང་འགྲོ་བ་མིའི་ཐོབ་ཐང་དགོས་པ་ཡིན་ཞེས་གསར་འགོད་པར་འགྲེལ་བརྗོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎