རྒྱ་ནག་བདེ་འཇཊ་ལས་ཁང་གི་འགན་འཛིན་ལ་ཁྲིམས་བཤེར།


2015.01.16
རྒྱ་ནག་རྒྱལ་ཡོངས་བདེ་འཇཊ་ལས་ཁང་གི་འགན་འཛིན་གཞོན་པ་Ma Jian རྒྱ་ནག་རྒྱལ་ཡོངས་བདེ་འཇཊ་ལས་ཁང་གི་འགན་འཛིན་གཞོན་པ་Ma Jian
དྲ་བཤུས SCMP

རྒྱ་ནག་རྒྱལ་ཡོངས་བདེ་འཇཊ་ལས་ཁང་གི་འགན་འཛིན་གཞོན་པ་Ma Jian ཟེར་བར་ལྐོག་ཟ་རུལ་སུངས་ཀྱི་དོན་རྐྱེན་འོག་བཀག་ཉར་ཞིབ་བཤེར་བྱེད་བཞིན་པ་རེད།
དེ་ཡང་རྒྱ་ནག་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁང་གི་དྲ་རྒྱའི་ཐོག་དེ་རིང་ཕྱི་ཚེས་༡༦ཉིན་གནས་ཚུལ་བཀོད་པ་དེའི་ནང་འཁོད་པ་ལྟར་ན། རྒྱ་ནག་བདེ་འཇགས་ལས་ཁང་གི་བློན་ཆེན་གཞོན་པ་མའ་ཅན་གྱིས་རྒྱ་ནག་གཞུང་གི་སྒྲིག་ཁྲིམས་སྒྲིག་སྲོལ་དང་ཚབས་ཆེ་འགལ་ཡོད་པར་བརྟེན་ཞིབ་བཤེར་བྱེད་བཞིན་ཡིན་པ་དང་། རྒྱ་ནག་བདེ་འཇགས་ལས་ཁང་གི་བློན་ཆེན་ཟུར་པ་ཀྲའུ་ཡུང་ཁང་གིས་ལྐོག་ཟ་དང་རྒྱ་ནག་གི་སྒྲིག་ཁྲིམས་སྒྲིག་སྲོལ་དང་ཚབས་ཆེ་འགལ་བའི་ཉེས་དོན་ལ་ཁྲིམས་ཞིབ་བྱ་རྒྱུའི་ཐག་གཅོད་བྱས་པའི་རྗེས་མའ་ཅན་ནི་རྒྱ་ནག་བདེ་འཇགས་ལས་ཁང་གི་དཔོན་རིགས་ཞིབ་བཤེར་བྱེད་ཡས་མཐོ་གྲས་གཞན་ཞིག་ཡིན་ཞིང་། ཡིན་ནའི་རྒྱ་ནག་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁང་གིས་དྲ་རྒྱའི་ཐོག་སྤེལ་བའི་ཕྱིར་བསྒྲགས་དེའི་ནང་། རྒྱ་ནག་བདེ་འཇགས་ལས་ཁང་གི་བློན་ཆེན་གཞོན་པ་མའ་ཅན་གྱིས་རྒྱ་ནག་གི་སྒྲིག་སྲོལ་དང་འགལ་བའི་ནག་ཉེས་ག་རེ་བསགས་ཡོད་མིན་ཞིབ་ཕྲ་ཁ་གསལ་བཀོད་མེད་པ་རེད། ཨ་རིའི་ནང་རྟེན་གཞི་བྱས་པའི་མིང་ཅིང་ཚགས་ཤོག་གིས་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་བདེ་འཇགས་ལས་ཁང་གི་བློན་ཆེན་གཞོན་པ་མའ་ཅན་དང་། ཉེ་ཆར་རྒྱ་ནག་གཞུང་གིས་སྒྲིག་ཁྲིམས་སྒྲིག་སྲོལ་དང་ཚབས་ཆེ་འགལ་བའི་ཉེས་བཙུགས་ཐོག་ནས་ཞིབ་བཤེར་བྱ་རྒྱུ་ཕྱིར་བསྒྲགས་བྱས་པའི་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་བློན་ཆེན་ལིང་ཅིད་ཧའ་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། མའ་ཅན་ད་ལོ་རང་ལོ་༥༦དང་། ༡༩༨༥ལོར་རྒྱ་ནག་ཤིའི་ནན་ཉེན་རྟོག་སློབ་གྲ་ཆེན་མོ་ནས་སློབ་ཐོན་གྱིས་དུས་ཡུན་རིང་པོའི་རིང་རྒྱ་ནག་བདེ་འཇགས་ཁྱབ་ཁོངས་སུ་ལས་ཀ་བྱས་ནས་གཙོ་བོ་རྒྱ་ནག་བདེ་འཇགས་ལས་ཁང་གི་སྡེ་ཁག་བཅུ་པའི་འགན་འཛིན་ལས་གནས་ཁུར་ཡོད་ཅིང་། རྒྱ་ནག་བདེ་འཇགས་ལས་ཁང་གི་སྡེ་ཁག་བཅུ་པ་དེ་བཞིན་ཕྱི་རྒྱལ་ཁག་ཏུ་ཡོད་པའི་རྒྱ་ནག་གི་སློབ་ཕྲུག་དང་དམངས་གཙོ་དོན་གཉེར་བ་སོགས་ལ་བལྟ་ཞིབ་དང་། དེ་བཞིན་རྒྱ་ནག་ལ་ཁ་གཏད་བྱེད་མཁན་གྱི་ཚོགས་སྡེ་ཁག་གི་གནས་ཚུལ་ལ་གསང་བལྟ་བྱེད་རྒྱུའི་ལས་འགན་ཁུར་གྱི་ཡོད་པ་རེད།

གསར་འགོད་པ་འཆི་མེད།

2015-01-12 དེ་ཡང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་སྤེལ་བཞིན་པའི་ལྐོག་ཟ་རུལ་སུངས་ལ་འགོག་རྒོལ་གྱི་ལས་འགུལ་ཁྲོད་རྒྱ་ནག་རྒྱལ་ཡོངས་བདེ་འཇགས་ལས་ཁང་གི་འགན་འཛིན་གཞོན་པ་Ma Jian ཟེར་བར་ལྐོག་ཟ་རུལ་སུངས་ཀྱི་དོན་རྐྱེན་འོག་བཀག་ཉར་གྱིས་ཞིབ་བཤེར་བྱེད་བཞིན་ཡོད་པའི་གནས་ཚུལ་ལྷོ་རྒྱ་ནག་གི་སྔ་དྲོའི་གསར་ཤོག་ཐོག་དེ་རིང་ཕྱི་ཚེས་༡༢་ཉིན་གནས་ཚུལ་སྤེལ་འདུག རྒྱ་ནག་རྒྱལ་ཡོངས་བདེ་འཇགས་ལས་ཁང་གི་བློན་ཆེན་གཞོན་པ་Ma Jianཡིས་ལྐོག་ཟ་རུལ་སུངས་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་གིས་ད་ཆ་གཞུང་འབྲེལ་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་། Ma Jian ནི་ཉེ་ཆར་ལྐོག་ས་རུལ་སུངས་ཀྱི་དོན་རྐྱེན་འོག་ཚུད་ནས་ཞིབ་བཤེར་བྱེད་བཞིན་པའི་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཧུའུ་ཅིན་ཐོའོ་དང་འབྲེལ་བ་ཉེ་པོ་ཡོད་པའི་Ling Jihuaདང་ཧ་ཅང་གི་འབྲེལ་བ་ཆེན་པོ་ཡོད་པའི་དཔོན་རིགས་ཤིག་ཀྱང་ཡིན་པ་རེད། Ma Jian ཕྱི་ལོ་༢༠༠༦་ལོར་རྒྱ་ནག་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་གི་འགན་འཛིན་གཞོན་པར་གནས་སྤར་མ་བྱས་གོང་དེ་སྔ་རྒྱ་ནག་བདེ་འཇགས་ལྷན་ཁང་གི་ཅུས་རིམ་པའི་འགན་འཛིན་ནས་བདེ་འཇགས་ལྷན་ཁང་གི་བློན་ཆེན་གཞོན་པའི་གོ་གནས་སུ་གནས་སྤར་བྱས་ཡོད་པ་རེད། ཉེ་བའི་ཆར་རྒྱ་ནག་གི་སྲིད་འཛིན་Xi Jinping ཡིས་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གི་ལས་འགུལ་ཚ་ཚ་འུར་འུར་སྤེལ་འགོ་ཚུགས་ནས་འདས་པའི་ལོ་གཅིག་གཉིས་ནང་རྒྱ་ནག་ནང་ལྐོག་ཟ་རུལ་སུངས་དང་། དབང་ཆ་སྒེར་སྤྱོད་བྱེད་མཁན་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཁག་ཅིག་དང་། དེ་ག་ནང་བཞིན་ཞིང་ཆེན་དང་ ས་གནས་རིམ་པའི་དཔོན་རིགས་སོགས་མང་པོ་ཞིག་འཛིན་བཟུང་དང་ཁྲིམས་སྦྱར་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎