རྒྱ་ནག་དཔོན་རིགས་ནས་ལིའུ་ཤའོ་ཕུའུ་གློད་བཀྲོལ་གྱི་རེ་འདུན།
2010.01.24
༄༅།།རྒྱ་ནག་ནང་དམར་ཤོག་ཚོགས་པའི་དཔོན་རིགས་བཞིས་གཞུང་དང་ལྟ་སྤྱོད་མི་མཚུངས་པ་ལིའུ་ཤའོ་ཕུའུ་བཙོན་ཁང་ནས་གློད་འགྲོལ་དགོས་པའི་སྙན་ཞུ་ཞིག་ཕུལ་ཡོད་འདུག༎
གུ་ཡངས་བསམ་ཚུལ་འཛིན་མཁན་གྱི་དཔོན་རིགས་དེ་དག་གིས་སྔ་ལོ་ཕྱི་ཟླ་བཅུ་གཉིས་པའི་ནང་ལོ་བཅུ་གཅིག་རིང་བཙོན་འཇུག་གི་ཉེས་ཆད་བཏང་བའི་དམངས་གཙོན་དོན་གཉེར་བ་ལིའུ་ཤའོ་ཕུའུ་གློད་བཀྲོལ་དགོས་ལུགས་གོང་རིམ་མ་སྙན་ཞུ་ཕུལ་ཡོད་ལུགས་རང་དབང་ཅན་གྱི་རྒྱ་རིགས་ཀྱི་མཐུན་ཚོགསཞེས་པའི་འགན་འཛིན་གཞོན་པ་པེཊེ་རིཁ་པུན་གྱི་ཚོགས་པའི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་ཡོད་འདུག དཔོན་རིགས་དེ་དག་གིས་རྒྱ་ནག་ནང་དཔལ་འབྱོར་གྱི་གནས་སྟངས་བཟུང་དུ་འགྲོ་བའི་སྐབས་སུ་ཆབ་སྲིད་ཀྱི་བཅོས་སྒྱུར་ལ་རྒྱབ་སྐྱོར་གནང་མཁན་ཡིན་འདུག དྲ་རྒྱའི་ནང་ལིའུ་ཤའོ་ཕུའུ་མིང་ཐེར་བཏོན་བྱས་མེད་ཀྱང་སྙན་ཞུ་དེར་ས་ཡིག་རྒྱབ་མཁན་རྒྱན་སྤྱི་ཚོགས་ཚན་རིག་ཁང་གི་ཧེ་ཕང་གིས་སྙན་ཞུའི་ནང་དོན་ལིའུ་ཤའོ་ཕུའུ་ལ་ཉེས་འཛུགས་བྱས་པ་རྣམས་ཕྱིར་འཐེན་གྱིས་དོ་བདག་བཙོན་ཁང་ནས་གློད་འགྲོལ་དགོས་ལུགས་འཁོད་ཡོད་སྐོར་ཨེ་པི་གསར་ལས་ཁང་ལ་འགྲེལ་བརྗོད་བྱས་ཡོད་འདུག ལིའུ་ཤའོ་ཕུའུ་ནི་ཕྱི་ལོ་༢༠༠༨ལོའི་ཡོངས་ཁྱབ་བསྒྲགས་གཏམ་ཆའར་ཊར་༠༨ཞེས་པའི་དམངས་གཙོ་བཅོས་སྒྱུར་གྱི་ཡིག་ཆ་ཟིན་གནང་མཁན་གྲས་ཡིན་པ་རེད་ གོང་ཞུས་སྙན་ཞུ་བཞེངས་མཁན་གཅིག་མི་མང་ཉིན་རེའི་གསར་ཤོག་གི་འགན་འཛིན་ཟུར་པ་ཧུ་ཇི་ལྦེའི་ཡིན་པ་དང་སྙན་ཞུར་ས་ཡིག་རྒྱབ་གཞན་གཉིས་ནི་གཞུང་འབྲེལ་ཧྲིང་ལྦ་གསར་ལས་ཁང་གིས་འགན་འཛིན་ཟུར་པ་ལི་པུ་དང་གསར་འགོད་པ་ཟུར་པ་རྡའེ་ཧུའང་གཉིས་ཡིན་འདུག༎